ཨ་མེ་རི་ཀའི་གྲོས་ཚོགས་འཐུས་མི་འཚམས་གཟིགས་སུ་ཕེབས་སྐབས་བོད་མིའི་སྒྲིག་འཛུགས་ནས་སྣེ་ལེན་ཟབ་རྒྱས་ཞུས་པ།

2019-08-03
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་འཐུས་མི་Neal Dunn ལགས་ཀྱིས་ཁོང་རྣམས་བཞུགས་སྒར་དུ་ཕེབས་དགོས་དོན་ནི་བོད་མི་དང་དབུས་བོད་མིའི་སྒྲིག་འཛུགས་ལ་རམ་འདེགས་གང་ཞུ་ཐུབ་མིན་སོགས་ཀྱི་ཆེད་དུ་ཡིན་སྐོར་གསུངས་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་Neal Dunn ལགས་ཀྱིས་ཁོང་རྣམས་བཞུགས་སྒར་དུ་ཕེབས་དགོས་དོན་ནི་བོད་མི་དང་དབུས་བོད་མིའི་སྒྲིག་འཛུགས་ལ་རམ་འདེགས་གང་ཞུ་ཐུབ་མིན་སོགས་ཀྱི་ཆེད་དུ་ཡིན་སྐོར་གསུངས་འདུག
བསྟན་འཛིན་ལེགས་སྨོན།

༄༅༎ཨ་མེ་རི་ཀའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དྲུག་དང་ཁོང་རྣམས་པའི་སྐུ་ཟླ་རྣམ་པ་འབྲེལ་ཡོད་ལས་བྱེད་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་གནང་བའི་ཨ་རིའི་གཞུང་ཚབ་ཆེན་མོའི་ལས་བྱེད་པ་བཅས་ཁྱོན་སྐུ་མགྲོན་༣༢་ཁ་ས་བཞུགས་སྒར་རྡ་རམ་ས་ལའི་ཉེ་གྲམས་ག་གྷ་གནམ་ཐང་ལ་ཕེབས་འབྱོར་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་དགའ་བསུའི་སྣེ་ལེན་ཞུས་པའི་རྗེས་སུ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་གཟིགས་སྐོར་དུ་གདན་འདྲེན་ཞུས་འདུག ཁོང་རྣམས་ཀྱིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནང་བོད་མིའི་སྒྱུ་རྩལ་སྣ་ཚོགས་ལ་གཟིགས་ཞིབ་གནང་འདུག་ལ་ཁོང་རྣམས་ལ་ཕྱི་དྲོའི་གསོལ་ཇ་འདེགས་འབུལ་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་བའི་གནས་ཚུལ་གསན་ནས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་དང་༧མགོན་པོ་གང་ཉིད་སང་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པར་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་ཡིན་སྐོར་གསུངས་པར་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་David་Priceམཆོག་གིས་དགའ་ཚོར་ཆེན་པོའི་སྒོ་ནས་སྲིད་སྐྱོང་མཆོག་གིས་ཁོང་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ནས་ཁོང་རྣམས་ལ་མགྲོན་འབོད་གནང་བར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་གསུངས་འདུག སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་Neal Dunn ལགས་ཀྱིས་ཁོང་རྣམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་དགོས་པའི་རྒྱུ་མཚན་ནི་བོད་མི་དང་དབུས་བོད་མིའི་སྒྲིག་འཛུགས་ལ་རམ་འདེགས་གང་ཞུ་ཐུབ་མིན་སོགས་ཀྱི་ཆེད་དུ་ཡིན་པ་དང་ཨ་རིའི་མི་མང་རྣམས་ཀྱིས་བོད་མི་ཚོར་དགའ་ཞེན་ཆེན་པོ་གནང་གི་ཡོད་སྐོར་གསུངས་ཡོད་པའི་གནས་ཚུལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།