བལ་ཡུལ་གཞུང་དང་མཉམ་བོད་མི་ཚོའི་བདེ་དོན་གླེང་འདུག


2017.05.08
ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིས་བལ་ཡུལ་གྱི་སྲིད་བློན་Pushpa Kama Dahal་དང་མཇལ་འཕྲད་སྐབས། ༢༠༡༧།༥།༧ ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིས་བལ་ཡུལ་གྱི་སྲིད་བློན་Pushpa Kama Dahal་དང་མཇལ་འཕྲད་སྐབས། ༢༠༡༧།༥།༧
Nancy Pelosi/FB

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་བལ་ཡུལ་གཞུང་དང་མཉམ་བལ་ཡུལ་ནང་གི་བོད་མི་ཚོའི་བདེ་དོན་གླེང་འདུག
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་མཆོག་དང་། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་Jim་Sensenbrener་རྣམ་གཉིས་ཀྱི་སྣེ་ཁྲིད་གནང་བའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིའི་ཚོགས་ཆུང་ཞིག འདི་ཚེས་༧་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཆེད་ཕེབས་གནང་སྟེ། ཡུལ་དེའི་སྲིད་བློན་མཆོག་དང་། ཕྱི་སྲིད་བློན་ཆེན། དེ་མིན་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་ལྷན་དུ་ཡུལ་གྲུ་ཕན་ཚུན་གཉིས་དབར་གྱི་འབྲེལ་ལམ་དང་། མངའ་ཁུལ་དེའི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་། དཔལ་འབྱོར་ཡར་རྒྱས་དང་ཚོང་དོན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སོགས་གླེང་སློང་གནང་ཡོད་པ་རེད།
དེའི་ཐད་ལྕམ་ནན་སི་པེ་ལོ་སི་མཆོག་གིས་ད་རེས་ཁོང་རྣམས་ཀྱིས་བལ་ཡུལ་གྱི་ཆེས་མཐོའི་དཔོན་རིགས་རྣམས་མཇལ་འཕྲད་སྐབས། ལོ་བཅུ་ཕྲག་མང་པོའི་རིང་བལ་ཡུལ་ནང་གནས་བཞུགས་བོད་མི་སྟོང་ཕྲག་མང་པོ་ཡོད་པ་རྣམས་ཀྱི་བདེ་དོན་སྐོར་གླེང་སློང་གནང་བ་མ་ཟད། གྲངས་ཉུང་མི་རིགས་གཞན་ཚོའི་ཐོབ་ཐང་སྐོར་གླེང་གནང་ཡོད་ལུགས་གསུངས་འདུག་ལ་ཁོང་རྣམ་པས་བལ་ཡུལ་ནང་གི་བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་ཚོར་མཇལ་འཕྲད་དང་། བོད་མིའི་གནས་ཡུལ་ཁག་ལ་གཟིགས་སྐོར་གནང་སྐབས་བོད་མི་ཚོས་དགའ་བསུ་ཆེན་པོ་གནང་འདུག
ཡང་ཁོང་རྣམས་པས་བལ་ཡུལ་ནང་རྟེན་གཞི་བྱེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ཞི་བའི་མི་མང་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་འདུག་ལ་དེ་བཞིན་ཡུལ་དེའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད།
ལྕམ་ནན་སི་པི་ལོ་སི་མཆོག་གིས་དབུ་ཁྲིད་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དེ་འདི་ཚེས་༩་དང་༡༠་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་ཕེབས་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎