རྒྱ་ནག་གི་ཕྱི་ཕྱོཊ་དྲིལ་བསྒྲགས་དང་དོན་དངོས་མི་མཐུན་པ།


2014.07.17
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Joe Pitts ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Joe Pitts
དྲ་བཤུས

ཕྱི་རྒྱལ་བ་ཚོ་བོད་ནང་བསྐྱོད་རྒྱུར་རྒྱ་གཞུང་གིས་དམ་དྲག་བཀག་སྡོམ་བྱ་རྒྱུ་ཕྱིར་འཐེན་དགོས་པ་ཨ་རིའི་གྲོས་ཚོཊ་འཐུས་མི་ཞིག་གིས་སྐུལ་མ་གནང་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Joe Pitts ཀྱིས་ཕྱི་ཟླ་༧་པའི་ཚེས་༡༥ཉིན་ཨ་རིའི་གྲོས་ཚོགས་ནང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་ཙམ་རིང་། བོད་མི་ཚོའི་ཐོག་གདུག་རྩུབ་མནར་གཅོད་ཀྱི་སྲིད་བྱུས་འཛིན་བཞིན་ཡོད་པ་དང་། བོད་ནང་བསྐྱོད་རྒྱུར་མི་ཚང་མར་སྒོ་མོ་ཕྱེས་ཡོད་ལུགས་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་དོན་དངོས་ཐོག་བོད་ནང་ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུར་ཡང་དམ་བསྒྲགས་ཧ་ཅང་ནན་པོ་ཡོད་པ་དང་། དམིགས་བསལ་གསར་འགོད་པ་དང་། ཕྱི་འབྲེལ་མི་སྣ་ཚོ་བོད་ནང་བསྐྱོད་ཐུབ་རྒྱུར་རྩ་བའི་ཆ་ནས་རེ་བ་མེད་པའི་གནས་སྟངས་ཤིག་བཟོས་ཡོད་པ་གསུང་འདུག ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་། གྲོས་ཚོགས་འཐུས་མི་སྐུ་ཞབས་Jim Mcgovern དང་། Joe Pittsརྣམ་གཉིས་ཀྱིས་གཙོ་བོ་གནང་ནས་༢༠༡༤་ལོར་བོད་ནང་ཕར་འགྲོ་ཚུར་འོང་ཞེས་པའི་གྲོས་གཞི་ཞིག་བཏོན་གནང་ཡོད་པའི་ནང་བོད་ཀྱི་ས་ཁུལ་ནང་ཨ་རིའི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། དེ་བཞིན་མི་སེར་སོགས་བོད་ནང་བསྐྱོད་རྒྱུར་བཀག་སྡོམ་དམ་བསྒྲགས་མུ་མཐུད་བྱས་ཚེ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོ་ཡང་ཨ་རིའི་ནང་ཡོང་རྒྱུར་དམ་བསྒྲགས་བཀག་སྡོམ་དགོས་པའི་སྐོར་འཁོད་ཡོད་ཡོད།   

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎