ཨ་རིས་བོད་དོན་རྒྱབ་སྐྱོར།


2013.03.12
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོ།
ཝི་ཀི་པི་ཌི་ཡ།

༄༅།    །ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༤ པར་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་གཞུང་ལ། བོད་མི་ཚོར་ཁྲིམས་མཐུན་གྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཚབས་James P. Mcgovern གྱིས་སྤེལ་བའི་གསལ་བསྒྲགས་ནང་དུ། ཨ་མི་རི་ཀ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པ་དེར་ཁ་ཁུ་སིམ་པོར་དེ་མུར་སྡོད་ཐབས་མེད་པར་ང་ཚོས་ངེས་པར་དུ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་ཡོང་ཐབས་བྱ་དགོས་ཀྱི་རེད་ཅེས་དང༌། ཡང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Stepen F. Lynch ཡིས། ད་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་དུ་འགྲོ་བ་མིའི་ཐོབ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཇི་ཙམ་བྱས་ཀྱང་མུ་མཐུད་ནས་ཇེ་སྡུག་ཏུ་བཏང་ཡོད་པར་བརྟེན།    ད་ཆ་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་རང་སྣང་གང་ཤར་དུ་འཇོག་ཐབས་མེད་པ་རེད་ཅེས་གསུང་ཡོད་པ་རེད། དེ་ནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Michael E. Capuano ཡིས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བོད་མིའི་ཐོག་དཀའ་སྡུག་དང༌། དམར་གསོད། རང་དབང་གི་ཆེད་དུ་བྲོས་བྱོལ་འགྲོ་དགོས་པའི་གནས་སྟངས་དང༌། དྲག་གནོན་སོགས་མྱོང་བཞིན་ཡོད། བོད་ལ་རང་དབང་ཞིག་མ་ཐོབ་པའི་བར་དུ་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་དང༌། ཡང་གྲོས་ཚོགས་ཀྱི་འཐུས་མི་ལྕམ་Niki Tsongas ཡིས། ང་ཚོས་མུ་མཐུད་ནས་བོད་དོན་ཆེད་དུ་འབོད་སྒྲ་སྒྲོག་རྒྱུ་ཡིན་ལ།    བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ལ་རྒྱ་ནག་གཞུང་སྲུང་སྐྱོབ་ཡོང་ཐབས་ཀྱི་གནོན་ཤུགས་སྤྲོད་རྒྱུ་ཡིན། ཅེས་དང་།    བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་མཉམ་རུབ་ཀྱིས་ཕྱག་ལས་གནང་དགོས་པའི་སྐོར་སོགས་གསུངས་ཡོད་ཅིང༌། ད་དུང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་John F. Tieney དང་སྐུ་ཞབས་Theodore C. Speliotis, སྐུ་ཞབས་Ed Markey དང༌། སྐུ་ཞབས་William R. Keating བཅས་ནས་གོང་གསལ་གྲོས་ཚོིགས་ཀྱི་འཐུས་རྣམས་དང་གཅིག་མཚུངས་བོད་མིའི་རང་དབང་སྒེར་ལངས་ཐེངས་༥༤ རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎