ཨ་རིས་ཐེ་ཝན་ནང་མཚོ་དམག་གྲུ་གཟིངས་གཏོང་འཆར་འདུག

2017-12-14
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་(Donald Trump)་ གིས་ཕྱི་ལོ་༢༠༡༨ ལོའི་རྒྱལ་ཡོངས་སྲུང་སྐྱོབ་བཀའ་ཁྲོལ་གྱི་ཁྲིམས་ཡིག་ལ་མཚན་རྟགས་རྒྱབ་དུས། ༢༠༡༧།༡༢།༡༢
ཨ་རིའི་སྲིད་འཛིན་(Donald Trump)་ གིས་ཕྱི་ལོ་༢༠༡༨ ལོའི་རྒྱལ་ཡོངས་སྲུང་སྐྱོབ་བཀའ་ཁྲོལ་གྱི་ཁྲིམས་ཡིག་ལ་མཚན་རྟགས་རྒྱབ་དུས། ༢༠༡༧།༡༢།༡༢
AP

ཨ་རིས་ཐེ་ཝན་ལ་མཚོ་དམག་གྲུ་གཟིངས་གཏོང་རྒྱུའི་འཆར་གཞིར་རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་ཤུགས་ཆེ་བསྟན་འདུག
དེ་ཡང་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་(Donald Trump)་ གིས་ཕྱི་ལོ་༢༠༡༨ ལོའི་རྒྱལ་ཡོངས་སྲུང་སྐྱོབ་བཀའ་ཁྲོལ་གྱི་ཁྲིམས་ཡིག་ལ་མཚན་རྟགས་གནང་ཞིང་། ཁྲིམས་ཡིག་དེའི་ནང་མ་འོངས་པར་ཨ་རི་དང་ཐེ་ཝན་དབར་གྱི་མཚོ་དམག་གྲུ་གཟིངས་ཐེ་ཝན་དང་ཨ་རིའི་ནང་བསྐོར་བསྐྱོད་བྱེད་སྲིད་ལུགས་འཁོད་ཡོད་པ་རེད། རྒྱ་ནག་གཞུང་གིས་འདི་ནི་རྒྱ་ནག་གི་ནང་སྲིད་ལ་ཨ་རིའི་ངོས་ནས་ཐེ་བྱུས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག་པར་མ་ཟད། འདིའི་ཐད་རྒྱ་ནག་གི་ངོས་ནས་ཨ་རིར་གཞུང་འབྲེལ་གྱི་ཐོག་ནས་ངོ་རྒོལ་བྱས་ཡོད་པ་བརྗོད་ཡོད་པ་རེད།
ཨ་རིའི་མཚོ་དམག་གྲུ་གཟིངས་ཐེ་ཝན་ལ་བསྐོར་བསྐྱོད་གཏོང་འཆར་ཀྱི་གནས་ཚུལ་ཐོན་རྗེས་རྒྱ་ནག་གི་ཆེས་མཐོའི་ཕྱི་འབྲེལ་དཔོན་རིགས་ཤིག་གིས་གལ་ཏེ་གནས་ཚུལ་དེ་ལྟར་འབྱུང་ཚེ་རྒྱ་ནག་གིས་ཐེ་ཝན་ལ་དྲག་རྒོལ་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།
(Reuters)་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཨ་རིས་གལ་ཏེ་ཐེ་ཝན་ནང་མཚོ་དམག་གྲུ་གཟིངས་བསྐོར་བསྐྱོད་བྱེད་ཚེ་འདི་ནི་ཕྱི་ལོ་༡༩༧༩ ་ལོར་ཡུལ་གྲུ་གཉིས་དབར་གྱི་གཞུང་འབྲེལ་འབྲེལ་ལམ་བར་མཚམས་ཆད་རྗེས་ཡུལ་གྲུ་གཉིས་དབར་འདི་ལྟ་བུའི་བརྗེ་ལེན་འབྱུང་བ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་བཀོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Lu Kang)་ གྱིས་ཨ་རིའི་རྒྱལ་ཡོངས་སྲུང་སྐྱོབ་བཀའ་ཁྲོལ་གྱི་ཁྲིམས་ཡིག་ནང་གསལ་བའི་ཐེ་ཝན་དང་འབྲེལ་ཆགས་ཀྱི་འབྲུ་དོན་དེ་དག་ངེས་པར་ལག་བསྟར་དགོས་པའི་ཁྲིམས་ཡིག་ཞིག་མིན་ན་ཡང་། དེས་རྒྱ་ནག་གཅིག་གི་སྲིད་ཇུས་ལངས་ཕྱོགས་དང་འགལ་འཛོལ་ཆེན་པོ་བཟོས་པ་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཀྱང་ཡིན་པ་བརྗོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
Share
དྲ་གནས་ཆ་ཚང༌།