རྒྱ་ནག་གི་བརྒྱུད་ལམ་གསར་བའི་འཕེལ་རྒྱས་ཞེས་པའི་སྙན་ཐོ།


2015.06.25
Share on WhatsApp
Share on WhatsApp
བོད་མི་ཞིག་གིས་སྐད་འཕྲིན་སྤྱོད་བཞིན་པ། ༢༠༡༥ བོད་མི་ཞིག་གིས་སྐད་འཕྲིན་སྤྱོད་བཞིན་པ། ༢༠༡༥
ཀླུ་འབུམ།/RFA

གཏམ་འཆལ་དང་གསར་འགྱུར་རྫུན་མ་སྤེལ་ས་གཙོ་བོ་དེ་སྐད་འཕྲིན་དང་ཝེ་པོ་ཟིན་བྲིས་སོགས་སྤྱི་ཚོགས་བརྒྱུད་ལམ་ཡིན་པ་བརྗོད་འདུག
དེ་ཡང་ཚེས་༢༤ཉིན་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གིས་བརྒྱུད་ལམ་གསར་བའི་རྒྱབ་ཤོག་སྔོན་པོའི་དེབ་ཅེས་པའི་ཁ་ཡིག་ལ་སྤྱི་ལོ་༢༠༡༥ལོའི་རྒྱ་ནག་གི་བརྒྱུད་ལམ་གསར་བའི་འཕེལ་རྒྱས་ཞེས་པའི་སྙན་ཐོ་ཞིག་བཏོན་ནས། རྒྱ་ནག་ནང་གཏམ་འཆལ་དང་གསར་འགྱུར་རྫུན་མ་སྤེལ་ས་གཙོ་བོ་དེ་སྐད་འཕྲིན་དང་། ཝེ་པོ་ཟིན་བྲིས་ཡིན་པ་བརྗོད་ནས། བདུན་ཕྲག་རེའི་རེས་གཟའ་མིག་དམར་ནི་སྐད་འཕྲིན་ནང་གཏམ་འཆལ་སྤེལ་བ་ཆེས་མང་ཤོས་ཀྱི་དུས་ཡིན་པ་དང་། དེ་བཞིན་བརྒྱ་ཆའི་དྲུག་ཅུའི་གསར་འགྱུར་རྫུན་མའི་ཡོངས་ཁུངས་དེ་ཝེ་པོ་ཟིན་བྲིས་ཡིན་ཚུལ་བརྗོད་འདུག སྙན་ཐོ་དེའི་ནང་སྐད་འཕྲིན་དང་ཝེ་པོ་ཟིན་བྲིས་ནི་རྒྱ་ནག་གི་མི་མང་དཀྱུས་མ་ཚོའི་ཉིན་རེའི་འཚོ་བའི་ནང་ཁྱབ་ཡོད་པ་དང་། དྲ་གནས་བེད་སྤྱོད་གཏོང་མཁན་གྱི་གནས་ཚུལ་སྤེལ་ས་དང་གནས་ཚུལ་ཤེས་རྟོགས་ཀྱི་ཡོང་ཁུངས་གཙོ་བོ་དེ་ཡིན་པར་ངོས་འཛིན་བྱས་ཡོད་ནའང་། དེ་དང་མཉམ་དུ་སྐད་འཕྲིན་གྱི་གནད་དོན་མང་པོ་ཞིག་ཕྱི་ལ་ཐོན་གྱི་ཡོད་ཚུལ་བརྗོད་འདུག
གནད་དོན་དབྱེ་ཞིབ་པས་བརྗོད་ན། སྐད་འཕྲིན་ནི་དེང་སྐབས་རྒྱ་ནག་ནང་ཆེས་རྒྱུགས་ཆེ་བའི་སྤྱི་ཚོགས་བརྒྱུད་ལམ་ཞིག་ཡིན་པས། རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་དང་། ཁོར་ཡུག་རི་དྭགས་སྲུང་སྐྱོབ་སོགས་གནས་ཚུལ་མང་པོ་ཞིག་སྐད་འཕྲིན་བརྒྱུད་ནས་མི་མང་གིས་ཤེས་རྟོགས་དང་། སྤྱི་ཚོགས་ཐོག་དོ་སྣང་བྱས་པའི་གནས་ཚུལ་མང་པོ་བྱུང་གི་ཡོད་ལ། དེ་བཞིན་གནས་ཚུལ་རྫུན་མའང་མང་པོ་ཡོད་པས་ལེགས་ཉེས་ཀྱི་ཆ་གཉིས་ཀ་ཡོད་ནའང་། རྒྱ་ནག་གི་དབང་ཆ་གཅིག་སྡུད་ལམ་ལུགས་འོག་མི་མང་གིས་གནས་ཚུལ་ངོ་མ་ཤེས་རྟོགས་ཀྱི་ལག་ཆ་ཞིག་ཏུའང་གྱུར་ཡོད་ཟེར།

གསར་འགོད་པ་ལྕགས་མོ་མཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎