ཨི་རན་དུ་སྲིད་འཛིན་འོས་བསྡུ་ལས་བྱུང་བའི་རྩོད་རྙོག་སྐོར།

ཨི་རན་གྱི་མགྲིན་ཚབ་པས་ནུབ་ཕྱོགས་སྟོབས་ཆེན་ཡུལ་ཁག་ཚོས་ཨི་རན་རྒྱལ་ནང་ཟང་ཟིང་རྩོད་རྙོག་ཆེད་མངགས་སློང་གི་ཡོད་པའི་སྐྱོན་འཛུགས།
2009-06-22
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨི་རན་གྱི་ཕྱི་འབྲེལ་མགྲིན་ཚབ་པས་གསུངས་ན་དེང་སྐབས་ཨི་རན་གྱི་ནང་སྲིད་འཛིན་འོས་འདེམས་ཀྱི་གནད་དོན་དེའི་ཐད་ནུབ་ཕྱོགས་སྟོབས་ཆེན་ཡུལ་ཁག་ཚོས་ཨི་རན་རྒྱལ་ནང་ཟང་ཟིང་རྩོད་རྙོག་ཆེད་མངགས་སློང་རྒྱུའི་ཆེད་གསར་འགྱུར་སོགས་ཀྱི་ནང་འཁྱོག་བཤད་བྱེད་ཀྱི་འདུག་ཅེས་གསུངས་པ་དང་ཨི་རན་གྱི་སྲིད་འཛིན་འོས་བསྡུའི་འགྲན་ཡར་ཕེབས་མཁན་མཱིར་ཧུ་སེན་མུ་ས་ལྦི་གིས་གསུངས་ན་ཉེ་སྔོན་འོས་བསྡུའི་འགྲུབ་འབྲས་ཏེ་དྲང་བདེན་ཞིག་ལག་བསྟར་བྱས་མེད་པ་དེ་ནི་སྲིད་འཛིན་མཱ་མུརྡ་ཨེ་མ་རྡི་ནེ་ཇའརྡེ་ཡིས་ཕྱོགས་གཏོགས་ཀྱིས་དྲང་བདེན་ལག་བསྟར་བྱས་མེད་སྟབས་ཨི་རན་གྱི་ནང་སྲིད་འཛིན་གྱི་འོས་བསྡུ་སླར་ཡང་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

གནད་དོན་དེའི་ཐད་ཨི་རན་གྱི་ཆེས་མཐོའི་དབུ་ཁྲིད་ཀྱིས་འབོད་སྐུལ་ཞིག་གནང་ཡོད་པ་གལ་ཏེ་ཕྱོགས་འགལ་ཚོགས་པས་གཞུང་ལ་འོས་བསྡུའི་ལས་འགུལ་བསྐྱར་དུ་བྱ་དགོས་པའི་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་བསྐོར་ལས་འགུལ་ཟམ་མི་ཆད་པར་སྤེལ་བ་ཡིན་ན་དེར་དྲག་གནོན་བྱ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་ཕྱོགས་འགལ་ཚོགས་པའི་མི་གྲངས་༤༥༧དོ་དམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་དང་ཕྱོགས་འགལ་ཚོགས་པའི་སྐད་འབོད་རྒྱབ་མཁན་དང་ཉེན་རྟོག་བསྐོར་བྱ་བའི་བར་འཁྲུག་འཛིང་བྱུང་ནས་མི་གྲངས་བཅུ་སྲོག་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།