ཡུ་གུར་བུད་མེད་གཅིག་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་སློབ་སྟོན་གནང་མཁན་དུ་བསྐོ་བཞག་གནང་འདུག

2019-08-17
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མེ་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་ཨེལ་ནི་གྷར་ཨིལ་ཏེ་སྦིར་སློབ་སྟོན་གནང་མཁན་གྱི་གཙོ་འཛིན་ལ་བསྐོ་བཞག་གནང་ཡོད་པ།
ཨ་མེ་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་ཨེལ་ནི་གྷར་ཨིལ་ཏེ་སྦིར་སློབ་སྟོན་གནང་མཁན་གྱི་གཙོ་འཛིན་ལ་བསྐོ་བཞག་གནང་ཡོད་པ།
སྤྱི་ཚོགས་དྲ་ལམ།

༄༅༎ཨ་མེ་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པའི་བེུད་གཅིག་ཨ་རིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་སློབ་སྟོན་གནང་མཁན་ལྷན་ཁང་གི་གཙོ་འཛིན་ལ་བསྐོ་བཞག་གནང་བ་དེས་ཕལ་ཆར་རྒྱ་ནག་ཁོང་ཁྲོ་ཟ་རྒྱུ་དང་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་ལ་ཉེན་ཁ་བཟོ་སྲིད་སྐོར་ད་རིང་ Business Insider ཞེས་པའི་ཚོང་ལས་སྐོར་དྲ་རྒྱས་གནས་ཚུལ་སྤེལ་འདུག་  ཨ་མེ་རི་ཀའི་མི་སེར་ཡིན་པ་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པའི་བེུད་ Elniger Iltebir ཞུ་བའི་བེུད་དེས་ཨ་རིའི་རྒྱལ་སྲུང་ལྷན་ཁང་ནང་ལས་ཀ་བྱེད་འགོ་བཙུགས་སྐོར་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་Rushan Abbas ཡིས་ Business Insider ཞེས་པའི་གསར་ལས་ཁང་ལ་བརྗོད་འདུག་་Rushan་Abbasནི་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཚོགས་པའི་གཙོ་འཛིན་དང་ Elniger Iltebir ཡི་པ་ལགས་མཁས་དབང་Abdulhe kimBaqi ཡི་སློབ་ཕྲུག་ཟུར་པ་ཞིག་ཡིན་པ་རེད། Iltebir ད་ཆ་ཨ་རིའི་རྒྱལ་སྲུང་སློབ་སྟོན་ལས་ཁང་གི་གཙོ་འཛིན་ཡིན་སྟབས་ད་ཆ་ཁོང་གིས་ཨ་རིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་སྤྱི་དང་ལྷག་དོན་དུ་རྒྱ་ནག་དང་ཚོང་འབྲེལ་དང་དམག་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཐད་འགན་འཁུར་རྒྱུ་ཡིན་འདུག Iltebirནི་རྒྱ་མིས་ཤིང་ཅང་འབོད་པའི་ཤར་ཏུར་ཀིས་ཐན་ནང་ཚར་ལོངས་བྱུང་བ་དང་ཆུང་དུས་ཀྲར་ཀིའི་ནང་གནས་སྤོ་གནང་སྟེ་ལོ་བཅུ་གྲངས་ལ་སླེབས་སྐབས་ཨ་མེ་རི་ཀའི་ནང་གཞི་སྤོས་གནང་འདུག་ལ་ ཁོང་གི་པ་ལགས་མཁས་པ་ཞིག་ཡིན་པ་ཙམ་མ་ཟད། ཁོང་རང་ཡང་འདི་ག་ཨ་མེ་རི་ཀའི་རྒྱལ་སའི་ནང་གི་George Washington གཙུག་ལག་སློབ་གྲྭ་ཆེན་མོ་དང་Harvard Kennedy གཙུག་ལག་སློབ་གྲྭ་ཆེན་མོ་ དེ་བཞིན་University of Maryland བཅས་ནས་སློབ་པ་མཐར་སོན་གྱི་ཕྱག་ཁྱེར་ཡོད་པའི་མཁས་པ་ཞིག་ཡིན་འདུག ད་རེས་ཁོང་ཨ་རིས་རྒྱ་ནག་ཐོག་འཛིན་རྒྱུའི་སྲིད་ཇུས་ལ་སློབ་སྟོན་གནང་མཁན་ལ་བསྐོ་བཞག་གནང་བ་དེ་ནི་རྒྱ་ནག་གཞུང་ནས་ཝི་གྷར་མི་རིགས་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཟུར་བཀག་བྱས་པ་དང་ཁོང་ཚོའི་ཐོག་བལྟ་སྲུང་ནན་པོ་བྱས་དང་བྱེད་བཞིན་པ་ཁག་ལ་རྒྱལ་སྤྱིས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་པའི་སྐབས་འདིར་བྱུང་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།