གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོཊ་ངང་འཐེན་བྱས་ཡོད་པ།

འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་གནས་སྐབས་རིང་ངང་འཐེན་མི་བྱེད་ཀ་མེད་བྱུང་བའི་གནས་ཚུལ།

2009-12-14
Share

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲའན་མག་གི་རྒྱལ་སར་བསྐོང་ཚོགས་བྱས་པའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཆེས་མཐོའི་ལྷན་ཚོགས་ཐོག་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱིས་མུ་མཐུད་མཉམ་ལས་བྱེད་རྒྱུ་ཁས་ལེན་མ་བྱས་པའི་རྐྱེན་གྱིས་ལྷན་ཚོགས་དེ་གནས་སྐབས་རིང་ངང་འཐེན་མི་བྱེད་ཀ་མེད་ཀྱི་ཁྱབ་བསྒྲགས་བྱས་འདུག

ད་ལམ་ལྷན་ཚོགས་དེའི་མགྲོན་བདག་རྒྱལ་ཁབ་དྲེན་མག་གིས་དེ་སྔ་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཀྱོའོ་ཏོ་གྲོས་ཆོད་དུ་གཏན་འབེབས་བྱས་པའི་དུག་རླངས་ཉུང་དུ་གཏོང་དགོས་པའི་ཁས་ལེན་བྱེད་དོན་ལ་ཚད་གཅོག་ཐབས་བྱས་པར་ཨ་ཕི་རི་ཀའི་འཐུས་མིས་མི་འདོད་པ་བྱས་ཡོད་པ་རེད།གནས་ཚུལ་ཐོན་པ་ལྟར་ན།ཁོར་ཡུག་སྲུང་སྐྱོབ་མི་སྣ་གཉིས་བརྒྱ་ལྷག་ནས་ཨ་ཕི་རི་ཀར་རྒྱབ་སྐྱོར་དང་དེ་སྔའི་ལྷན་ཚོགས་ཐོག་ཁས་ལེན་བྱས་པ་དོན་འཁྱོལ་བྱེད་དགོས་པའི་འབོད་ཚིག་སྒྲོག་ནས་འགོག་རྒོལ་བྱས་ཡོད་པ་རེད།

ད་ལྟའི་མཚམས་སུ་གནས་ཚུལ་འཕེལ་ཕྱོགས་གསལ་པོ་མེད་ཅིང་རྩོད་གླེང་མཁན་ཁག་སོ་སོས་ནང་མོལ་དུ་ཇི་གབ་གྲོས་མོལ་བྱེད་བཞིན་ཡོད་ཅིང།དེའི་ཐད་སྟོབས་ཆེན་ཕྱུག་པོའི་རྒྱལ་ཁབ་ནས་སྣེ་ཁྲིད་ནས་ཀྱོའོ་ཏོ་གྲོས་ཆོད་དུ་གཏན་འབེབས་བྱས་པ་བཞིན་དོན་ཐོག་འཁྱོལ་དགོས་པ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་མི་ཚོས་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་རེད།

ཡོ་རོབ་མནའ་འབྲེལ་གྱིས་གཙོ་བོ་བྱེད་པའི་འཕེལ་རྒྱལ་ཆེ་བའི་རྒྱལ་ཁབ་ཀྱིས་བསྐྱར་དུ་གྲོས་མོལ་བྱས་ཏེ་གྲོས་ཆིངས་གསར་པ་ཞིག་འཇོག་དགོས་པའི་གྲོས་འགོ་འདོན་བཞིན་ཡོད་པ་རེད༎

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།