བོད་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་མིན་པའི་བསྒྲགས་གཏམ་སྤེལ་འདུག

2019-05-10
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་གྲོས་ཚོཊ་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་ཐེངས་བདུན་པ། 2019/5/10
རྒྱལ་སྤྱིའི་གྲོས་ཚོཊ་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་ཐེངས་བདུན་པ། 2019/5/10
TTV

རི་གྷར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་མཇུག་སྒྲིལ་གྱི་བསྒྲགས་གཏམ་ནང་བོད་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁོངས་མིན་པ་གསལ་བཏོན་གནང་འདུག
ལཏ་ཝི་ཡའི་རྒྱལ་ས་རི་སྒར་ཕྱི་ཟླ་ ༥ ཚེས་ ༨ ནས་ ༡༠ ཚུགས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་མཇུག་བསྒྲིལ་གནང་ཞིང་། ཁྱོན་དོན་ཚན་གསུམ་བཅུ་ལྷག་འཁོད་པའི་སྒྲགས་གཏམ་ཞིག་འདོན་སྤེལ་གནང་པ་དང་།  དེའི་ནང་ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ཁོངས་མ་ཡིན་པ་གསལ་བཏོན་ཐོག། རྒྱ་ནག་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནང་དོན་ལྟར་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་ཀྱི་གནས་བབས་སྤྲོད་དགོས་པ་དང་། དེའི་ཆེད་ཕྱི་ལོ་ ༢༠༡༠ ལོར་བར་མཚམས་ཆད་པའི་གྲོས་མོལ་སླར་གསོ་གང་མགྱོགས་དགོས་པའི་དགོས་འདུན་བཏོན་པ་སོགས་འཁོད་འདུག
ཚོགས་འདུ་མཇུག་སྒྲིལ་གྱི་གསུང་བཤད་སྐབས་བོད་མིང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། ང་ཚོར་ད་ལྟ་འཛམ་གླིང་རྒྱལ་ཁབ་ཁག་༣༠་ནས་༤༠འིགྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པས། ད་དུང་མང་དུ་གཏོང་དགོས་པ་དང་། གྲོས་ཚོགས་འཐུས་མི་རྣམས་པས་མུ་མཐུད་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བའི་རེ་བ་ཞུ་ཡི་ཡོད་ལ། བོད་ཀྱི་གནད་དོན་དེ་འགྲོ་བ་མིའི་ཐོབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཙམ་མིན་པར། བོད་རྒྱ་གྲོས་མོལ་ཡོང་བར་རོགས་སྐྱོར་དགོས་པ་གལ་འགངས་ཆེན་པོ་ཞིག་ཡིན་པས་བོད་རྒྱ་གྲོས་མོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་ཤིང་། ཁོང་གིས་གྲོས་ཚོགས་འཐུས་མི་རྣམ་པ་མུ་མཐུད་རྒྱ་གར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་དང་བོད་མི་གནས་ཡུལ་དུ་བོད་ཀྱི་གནད་དོན་རྒྱུས་ལོན་གནང་བར་ཕེབས་གནང་ཡོང་བའི་རེ་བསྐུལ་ཞུས་ཡོད་པ་རེད།
ཡང་ལཏ་ཝི་ཡའི་(Latvia)འི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨཱན་དྷིརི་ཡུསྀ་ན་ཝི་ཀསྀ་(Andrius Navickas)ཡིས། ང་ཚོས་བོད་ཀྱི་གནད་དོན་ཐོག་ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད་ལ་བོད་མིའི་འཐབ་རྩོད་ཀྱི་བདེན་མཐའ་སེལ་རྒྱུ་དེ་ནི་ཉིན་རེ་ནས་ཉིན་རེ་ཐག་ཉེ་རུ་འགྲོ་བཞིན་ཡོད་པ་ངོས་འཛིན་ཞུ་གི་ཡོད་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས། ད་རེས་རྒྱ་ནག་གཞུང་དང་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་བཅས་ནས་ཇི་ཙམ་གྱི་གནོན་ཤུགས་ཆེན་པོ་སྤྲོད་མིན་ལ་མ་བལྟོས་བར་གྲོས་ཚོགས་འཐུས་མི་རྣམ་པ་ད་རེས་ཀྱི་ལྷན་ཚོགས་འདིར་ཕེབས་པ་འདིས། རྒྱ་ནག་ལ་བོད་ཀྱི་གནད་དོན་དེ་ད་ལྟ་ཡང་མ་ཡལ་བ་གནས་ཡོད་པ་དང་།  རྣམ་པ་ཚོ་བོད་དང་བོད་མི་མཉམ་དུ་ལངས་ནས་ཡོད་པའི་རྣམ་འགྱུར་དེ་གསལ་སྟོན་ཡོང་གི་ཡོད་ཅེས་གསུངས་འདུག་ཅིང་། ད་དུང་སྲིད་སྐྱོང་མཆོག་གིས་ཁག་ཅིག་གིས་ང་ཚོ་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་། འཐུས་མི་བྱེ་བྲག་པ་ཞིག་ཡིན་པས་། དམིགས་བསལ་ནུས་པ་མེད་པའི་ཚོར་སྣང་འཛིན་མཁན་དེ་འདྲ་ཡོད་པ་དང་། ངས་ཁྱེད་རྣམ་པའི་རྒྱབ་སྐྱོར་དེ་ཧ་ཅང་གི་ནུས་ལྡན་ཞིག་ཡིན་པ་དང་། དཔེར་ན་ད་རེས་ཀྱི་ལྷན་ཚོགས་དེ་བཞིན་ཐད་གཏོང་བྱས་ཡོད་པས། འདིས་ལྷན་ཚོགས་དེའི་ནང་རྣམ་པ་ཚོས་རྒྱབ་སྐྱོར་གསལ་སྟོན་གནང་བའི་གནད་དོན་ཁག་བཙན་བྱོལ་ནང་ཡོད་པའི་བོད་མི་ཙམ་མ་ཡིན་པར། བོད་ནང་ཡོད་པའི་བོད་མི་ཚོས་ཀྱང་དོ་ཁུར་བྱེད་བཞིན་ཡོད་དུས་ང་ཚོས་རྣམ་པ་ཚོའི་རྒྱབ་སྐྱོར་ལ་ཡིད་རངས་བསྔགས་བརྗོད་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད།
ཚོགས་ཆེན་འདིའི་ཐོག་ཨོ་སི་ཀྲོ་ལི་ཡ་དང་། ནིའུ་ཛི་ལེན་ཌི། ཕ་རན་སི། རོ་མ་ནི་ཡ། ཁེ་ན་ཌ། ཅེག་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ཝེ་ནི་ཡ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁྱོན་ ༢༥ དང་། ཁྲིམས་ལུགས་མཁས་པ་ལ་སོགས་པའི་ཆེད་ལས་མི་སྣ་དང་། གནད་དོན་ཉམས་ཞིབ་པ་སོགས་མཉམ་ཞུགས་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།