རྒྱ་ནག་ཝུའུ་ཧན་འཁེལ་འཐག་སློབ་ཆེན་དུ་སློབ་མ་ཚོས་ངོ་རྒོལ་བྱས་འདུག

2022.09.22
རྒྱ་ནག་ཝུའུ་ཧན་འཁེལ་འཐག་སློབ་ཆེན་དུ་སློབ་མ་ཚོས་ངོ་རྒོལ་བྱས་འདུག རྒྱ་ནག་ཝུའུ་ཧན་འཁེལ་འཐག་སློབ་ཆེན་དུ་སློབ་མ་ཚོས་ངོ་རྒོལ་བྱས་སྐབས། ༠༩།༡༩།༢༠༢༢
Citizen journalist via Weibo

རྒྱ་ནག་གི་ཝུའུ་ཧན་འཁེལ་འཐག་སློབ་ཆེན་དུ་ལྐོག་རྔན་བླངས་བ་དང་གློག་བཅད་པའི་རྐྱེན་གྱིས་སློབ་མ་ཚོས་ངོ་རྒོལ་བྱས་འདུག
འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔ་ཏོག་དབྱིབས་རིམས་ནད་ཐོག་མར་མཆེད་ས་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནང་ཡོད་པའི་དཔལ་འབྱོར་ཚོང་ལས་སྐོར་གྱི་འཁེལ་འཐག་སློབ་ཆེན་གྱི་སློབ་མའི་ཉལ་ཁང་གི་གློག་བཅད་པ་དང་། ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་དབང་གིས་སློབ་གྲྭའི་ཁོར་ཡུག་ཁྱོན་ཡོངས་སུ་བཀག་རྒྱ་བསྡམས་པའི་གནས་སྟངས་འོག་འདས་པའི་ཉིན་འགའི་རིང་སློབ་མ་བརྒྱ་ཕྲག་བརྒལ་བས་ངོ་རྒོལ་བྱས་ཡོད་འདུག
དེ་ནི་སློབ་ཆེན་དེའི་བདག་གཉེར་དོ་དམ་པ་མཐོ་གྲས་ཤིག་གིས་ལྐོག་རྔན་བླངས་པ་དང་གློག་རྐུན་མ་བརྒྱབ་པའི་ཉེས་དོན་འོག་རྒྱ་སྒོར་ས་ཡ་གཉིས་ལྷག་གི་ཆད་པ་བཅད་པའི་གནས་ཚུལ་ཐོན་པའི་རྗེས་སློབ་མའི་ངོ་རྒོལ་དོན་རྐྱེན་དེ་བྱུང་བ་ཞིག་ཡིན་འདུག་ལ། ཉིན་གྲངས་དུ་མའི་རིང་སློབ་མའི་ཉལ་ཁང་དུ་གློག་བཅད་པར་བརྟེན་ཚ་སྡུག་ཆེ་བའི་དབང་གིས་སློབ་མ་ཚོ་གཉིད་མ་ཁུག་པ་སོགས་དཀའ་ངལ་དུ་མ་འཕྲད་རྐྱེན་སློབ་ཆེན་གྱི་ངོས་ནས་སློབ་མ་ཚོར་དགོངས་དག་ཞུ་དགོས་པའི་དགོས་འདུན་བཏོན་འདུག རྗེས་སུ་སློབ་གྲྭའི་སྒོ་ཕྱེས་ཏེ་སློབ་མའི་ཉལ་ཁང་དུ་གློག་བསྐྱར་གསོ་བྱས་ཡོད་འདུག
རྒྱ་ནག་ནང་གློག་རིན་མཐོ་དྲགས་པའི་རྐྱེན་གྱིས་རྒྱ་ནག་ནང་གི་ཚོང་ལས་ཙག་ཙིག་གི་རིགས་ལ་ཧ་ལས་པའི་གནོད་ཀྱི་ཡོད་པ་ཧུའུ་པེ་ས་ཁུལ་དུ་གནས་སྡོད་དཔྱད་བརྗོད་པ་གོ་ཧྥེ་ཟེར་བ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་ན། འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་གསར་རྒྱག་བྱེད་སྐབས་རྒྱ་ནག་གི་དཔོན་རིགས་ཚོས་དུས་ཡུན་ཆུ་ཚོད་གཅིག་གི་རིང་གློག་གི་རིན་གོང་སྐར་མ་ཁ་ཤས་ལས་མི་དགོ་པ་བཤད་ཡོད་ཀྱང་། ལོ་མང་རྗེས་ནས་ད་དུང་ཡང་རིན་གོང་མར་ཆག་མེད་པ་དང་། དེའི་རྐྱེན་གྱིས་ཚོང་ལས་ཙག་ཙིག་གཉེར་མཁན་ཚོར་གློག་རིན་མཐོ་དྲགས་པའི་རྐྱེན་གྱིས་ཁོང་ཚོའི་ཚོང་ལས་ལ་ཧ་ཅང་གི་གནོད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎