འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་རྟོག་ཞིབ་ཚོགས་ཆུང་ཞིག་རྒྱ་ནག་ནང་བཏང་འདུག

2020-02-10
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ཝུའུ་ཧན་གྱི་སྨན་ཁང་ཞིག་གི་ནང་། ༢༠༢༠།༢།༥
རྒྱ་ནག་ཝུའུ་ཧན་གྱི་སྨན་ཁང་ཞིག་གི་ནང་། ༢༠༢༠།༢།༥
AFP

རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་ཚད་ཛ་དྲག་གི་སྐབས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་རྟོག་ཞིབ་ཚོགས་ཆུང་ཞིག་རྒྱ་ནག་ནང་བཏང་འདུག
རྒྱ་ནག་གི་འཕྲོད་བསྟེན་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། ད་བར་རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Coronavirus)་ནད་འབུའི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་ནད་པའི་གྲངས་ཚད་འདི་ཚེས་༡༠་ཉིན་བར་མི་གྲངས་༩༡༠་ཙམ་བར་འཕར་ཡོད་པ་དང་། ནད་རྟགས་ཐོན་པའི་གྲངས་འབོར་བཞི་ཁྲི་ལྷག་བརྒལ་ནས་རྒྱ་ནག་གི་ཞིང་ཆེན་རིམ་པ་༣༡་གི་ས་གནས་ཡོངས་སུ་ཁྱབ་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་གཙོ་འཛིན་མཆོག་ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་རྒྱ་ནག་ནང་ཕེབས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་མཇལ་འཕྲད་སྐབས་ལྷན་ཁང་གི་ངོས་ནས་སྨན་པའི་མཁས་བའི་རྟོག་ཞིབ་ཚོགས་ཆུང་ཞིག་གང་མགྱོགས་གཏོང་གནང་གི་ཡིན་གསུངས་པ་ལྟར་འདི་ཚེས་༡༠་རེས་གཟའ་ཟླ་བའི་ཉིན་དོ་ཕོག་བྱུང་ཡུལ་གཙོ་བོ་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནང་ཆེད་བཏང་གནང་ཡོད་འདུག
རྒྱ་ནག་ནང་(Coronavirus)་ཞེས་པའི་ཏོག་དབྱིབས་ནད་འབུ་གསར་བ་རྒྱ་ཡན་དུ་ཁྱབ་གདལ་ཕྱིན་པའི་རྗེས་སུ། རྒྱ་ནག་ཁྱོན་ཡོངས་སུ་ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་དང་། ལྷག་པར་དུ་ཧུའུ་པེ་ཞིང་ཆེན་སྤྱི་དང་དམིགས་བསལ་ནད་ཡམས་འདི་ཐོག་མར་བྱུང་སའི་གྲོང་ཁྱེར་ཝུའུ་ཧན་ནང་ཡོད་པའི་མང་ཚོགས་རྣམས་ལ་ཕྱིར་འགྲོ་རྒྱུར་སྔོན་འགོག་གི་ཚུལ་དུ་བཀག་སྡོམ་བྱས་ཡོད་པ་རེད། འོན་ཀྱང་ཟླ་བ་སྔོན་མའི་ཚེས་ཉི་ཤུ་ལྔ་ཉིན་དཔྱིས་གསར་དུས་ཆེན་དང་ལོ་གསར་སྲུང་བརྩི་ཞུ་བའི་ཆེད་གུང་སེང་བཞག་ཡོད་པ། སྤྱིར་བཏང་བྱས་ན་ཟླ་བ་འདིའི་ཚེས་དྲུག་ཙམ་ལ་ཕྱིར་ལོག་དགོས་ཀྱི་ཡོད་ཀྱང་གཞུང་གིས་ཉིན་གྲངས་འགའ་ཤས་ཕྱིར་འགྱངས་བྱས་བ་དང་། ཡང་ན་སོ་སོའི་ནང་ཁྱིམ་ནས་ལས་ཀ་བྱེད་དགོས་ལུགས་སོགས་ཀྱི་བཀོད་ཁྱབ་བཏང་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།