ཨུ་རུ་སུ་དང་སོག་ཡུལ་ནང་གནས་སྡོད་བོད་མི་ཚོས་ཁུལ་དེར་ནད་ཡམས་སྔོན་འགོག་ཆེད་རོགས་རམ།

2020-04-30
གློག་འཕྲིན།
མཆན།
Share
པར་བཀོད།
ཨུ་རུ་སུ་དང་སོག་ཡུལ་ནང་གནས་སྡོད་བོད་མི་ཚོས་ཁུལ་དེར་ནད་ཡམས་སྔོན་འགོག་ཆེད་རོགས་རམ། 2020
ཨུ་རུ་སུ་དང་སོག་ཡུལ་ནང་གནས་སྡོད་བོད་མི་ཚོས་ཁུལ་དེར་ནད་ཡམས་སྔོན་འགོག་ཆེད་རོགས་རམ། 2020
tibet.net

ཨུ་རུ་སུ་དང་སོག་ཡུལ་ནང་གནས་སྡོད་བོད་མི་ཚོས་ཁུལ་དེར་ནད་ཡམས་སྔོན་འགོག་དང་ཉམ་ཐག་ཆེད་དུ་དཔལ་འབྱོར་བསྡུ་རུབ་བྱས་ནས་རོགས་རམ་གནང་འདུག
ཨུ་རུ་སུ་དང་སོག་ཡུལ་ཁུལ་གྱི་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་ཡིས་གོ་སྒྲིག་གནང་སྟེ། ཁུལ་དེར་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་མྱོང་བཞིན་པའི་ཨུ་རུ་སུ་དང་སོག་ཡུལ་མི་དམངས་ཉམ་ཐག་ཁག་ཅིག་ལ་རོགས་སྐྱོར་གནང་ཆེད། ཁུལ་དེར་གནས་སྡོད་བྱེད་བཞིན་པའི་བོད་མི་བཙན་བྱོལ་བ་ཚོས་ངལ་སེལ་ལས་གཞིར་རྒྱབ་སྐྱོར་གང་ཐུབ་གནང་ནས། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་མངའ་ཁུལ་སོགས་ནས་བོད་མི་ཚོས་ངལ་སེལ་ཞལ་འདེབས་ཨ་སྒོར་ ༢༧༡༢་ཨུ་རུ་སུའི་ངལ་སེལ་ཐེབས་རྩ་(Rusfond)་བརྒྱུད་ཕུལ་ཡོད་འདུག
སྤྱིར་ཨུ་རུ་སུ་ཁུལ་དུ་ཡོད་པའི་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་དང་། བྷུར་ཡ་ཏི་སྤྱི་མཐུན་རྒྱལ་ཁབ། ཐུ་ཝ་སྤྱི་མཐུན་རྒྱལ་ཁབ། སོག་ཡུལ་བཅས་ནང་བཙན་བྱོལ་བོད་མི་ཁ་ཐོར་གནས་པ་བསྡོམས་ ༤༠ ་ཙམ་ཡོད་པའི་སྐྱིད་སྡུག་དེས་ཨ་སྒོར་ ༩༣༦༡ ་བསྡུ་རུབ་གནང་ནས་སོག་ཡུལ་ཛ་དྲག་ངལ་སེལ་ལས་གཞིར་ཞལ་འདེབས་སུ་ཕུལ་འདུག
ཐུགས་སྲས་རིན་པོ་ཆེ་དང་རྒན་ཀུན་དགའ་ལགས། ཆོས་སྒྲོན་ལགས་བཅས་སོག་ཡུལ་གྲོས་ཚོགས་ནང་རྒྱལ་ཁབ་ཀྱི་ཛ་དྲག་ངལ་སེལ་ལས་ཁུངས་སུ་བཅར་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་སོག་ཡུལ་མི་དམངས་ཚོར་ནད་ཡམས་དང་འབྲེལ་བའི་བཀའ་སློབ་དབྱིན་སྐད་དང་། སོག་སྐད་ནང་ཕབ་བསྒྱུར་ཞུས་པ་འགྲེམས་སྤེལ་ཞུས་འདུག  སྐབས་དེར་སོག་པོའི་སྐུ་ཚབ་འཐུས་མི་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་ཞུས་པ་མ་ཟད། ས་གནས་བོད་མི་ཉུང་ཤས་ཀྱིས་ཛ་དྲག་གི་དུས་སྐབས་སུ་ངལ་སེལ་ལས་གཞིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།