ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཐད་ཞིབ་འཇུག་བྱེད་རྒྱུའི་གྲོས་འཆར་ལ་རྒྱལ་ཁབ་མང་པོས་རྒྱབ་སྐྱོར།

2020-05-18
གློག་འཕྲིན།
མཆན།
Share
པར་བཀོད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་སྐབས། ༢༠༢༠།༥།༡༨
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་སྐབས། ༢༠༢༠།༥།༡༨
WHO/AFP

ཏོག་དབྱིབས་ནད་ཡམས་ཇི་ལྟར་ཁྱབ་གདལ་བྱུང་བའི་ཐད་རང་དབང་གི་སྒོ་ནས་ཞིབ་འཇུག་བྱེད་དགོས་བའི་གྲོས་འཆཪ་ལ་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱས་འདུག
ཨོསུ་ཀྲེ་ལི་ཡ་དང་ཡོ་རོབ་མཐུན་ཚོགས་གཉིས་ཟུང་འབྲེལ་གྱིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇི་ལྟར་བྱུང་བའི་སྐོར་ལ་རང་དབང་གི་ཐོག་དཔྱད་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་གནང་བར་རྒྱལ་ཁབ་༦༢་ཀྱིས་རྒྱབ་སྐྱོར་གནང་ཡོད་འདུག དེ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཕྱི་ཟླ་༥་ཚེས་༡༨་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་། ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་སྟངས་སྐོར་ལ་ཚོགས་འདུ་མ་འཚོགས་གོང་ལ། ཡོ་རོབ་ཁུལ་གྱི་ཡུལ་གྲུ་ཁག་དང་ཨོསུ་ཀྲེ་ལི་ཡས་ཡོ་རོབ་མཐུན་ཚོགས་ཀྱིས་ཏོག་དབྱིབས་ནད་ཡམས་དེ་ཁྱབ་གདལ་ཇི་ལྟར་བྱུང་འགོ་བཙུགས་པའི་སྐོར་ལ་ཕྱོགས་རིས་མེད་པ་དང་། རང་དབང་ཅན་གྱི་དཔྱད་ཞིབ་གཞི་རྒྱ་ཆེན་པོ་བྱེད་དགོས་པའི་ཟིན་བྲིས་གྲོས་འཆར་ལ་རྒྱལ་ཁབ་༦༢་ལས་གྲུབ་པའི་མཉའ་འབྲེལ་ཚོགས་པས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་དང་། གྲོས་འཆར་དེས་རྒྱ་ནག་དང་ཡང་ཏོག་དབྱིབས་ནད་ཡམས་ཐོག་མར་ཁྱབ་གདལ་བྱུང་ས་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་དངོས་སུ་མིང་བཏོན་མེད་ན་ཡང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་འབུ་དེ་སེམས་ཅན་གང་གི་ཐོག་ནས་བྱུང་ཡོད་མེད་ངོ་རྟོག་ཆོད་པ་གནང་དགོས་པ་དང་། ནད་དུག་དེ་མི་ལ་ཇི་ལྟར་འགོས་ཁྱབ་བྱུང་པ་སོགས་ཀྱི་སྐོར་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་དགོས་པའི་དགོས་འདུན་བཏོན་འདུག
ཡིན་ནའི་གྲོས་འཆར་དེར་ད་བར་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀས་རྒྱབ་སྐྱོར་བྱས་མིན་འདུག ཨོསུ་ཀྲེ་ལི་ཡ་ནི་ཏོག་དབྱིབས་ནད་ཡམས་ཇི་ལྟར་ཁྱབ་གདལ་བྱུང་འགོ་བཙུགས་སྐོར་རང་དབང་ཅན་གྱི་དཔྱད་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་མཁན་རྒྱལ་ཁབ་ཐོག་མ་དེ་ཡིན་སྟབས། རྒྱ་ནག་གཞུང་གིས་ཨོསུ་ཀྲེ་ལི་ཡས་རྒྱ་ནག་ལ་ཆབ་སྲིད་ཀྱི་རྒོལ་འཛིང་བྱེད་འགོ་བཙུགས་སྐོར་ཁོང་ཁྲོ་དྲག་པོའི་སྒོ་ནས་སྐྱོན་འཛུགས་བྱས་ན་ཡང་ཨོསུ་ཀྲེ་ལི་ཡའི་བསམ་འཆར་དེར་རྒྱབ་སྐྱོར་བྱེད་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཨོསུ་ཀྲེ་ལི་ཡའི་སྲིད་བློན་(Morrison)་གཞུང་འཛིན་གྱིས་ཡོ་རོབ་མཐུན་ཚོགས་ཀྱིས་ཏོག་དབྱིབས་ནད་ཡམས་ཇི་ལྟར་ཁྱབ་གདལ་བྱུང་སྐོར་རང་དབང་གི་ཐོག་ནས་དཔྱད་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་དུས་མཚུངས་རྒྱ་ནག་ལ་ཞི་འགྲིག་གི་གྲོས་འཆར་བཏོན་པ་དེར་རྒྱབ་སྐྱོར་གནང་འདུག
ཡང་གཟའ་ཉི་མའི་མཚན་མོ་བར་གོང་ཞུས་གྲོས་འཆར་དེར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨིན་ཊོ་ནེ་ཤི་ཡ། ཀྲར་ཀི ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ དབྱིན་ཡུལ་གཙོས་པའི་རྒྱལ་ཁབ་༦༠་ལྷག་གིས་རྒྱབ་སྐྱོར་གནང་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།