རྒྱ་ནག་སྲིད་འཛིན་གྱིས་ཧོང་ཀོང་ནང་ལས་འགུལ་སྤེལ་མཁན་ཚོར་ཉེན་བརྡ།


2017.07.01
རྒྱ་ནག་སྲིད་འཛིན་གྱིས་ཧོང་ཀོང་ནང་ལས་འགུལ་སྤེལ་མཁན་ཚོར་ཉེན་བརྡ། ཧོང་ཀོང་ནང་མི་སྟོང་ཕྲག་མང་པོས་ཧོང་ཀོང་ནང་མང་གཙོའི་ཐོབ་ཐང་མཐོ་རུ་གཏོང་དགོས་རྒྱུར་དམིགས་པའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ།
ཨེ་ཨེཕ་པི།

༄༅། །རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་ཧོང་ཀོང་དུ་འཚམས་གཟིགས་སུ་ཡོད་པ་དང་། གཟའ་སྤེན་པའི་ཉིན་ཧོང་ཀོང་ནང་མི་སྟོང་ཕྲག་མང་པོས་ཧོང་ཀོང་ནང་མང་གཙོའི་ཐོབ་ཐང་མཐོ་རུ་གཏོང་དགོས་རྒྱུར་དམིགས་པའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་ཤིང་། རྒྱ་ནག་གི་སྲིད་འཛིན་གྱིས། ཧོང་ཀོང་ནང་རྒྱ་ནག་གི་མངའ་དབང་གོང་བུ་གཅིག་འགྱུར་དང་བརྟན་ལྷིང་ལ་ཉེན་ཚབས་བཟོ་བའི་ལས་འགུལ་རྩ་བ་ནས་སྤེལ་འཇུག་རྒྱུ་མིན་པ་བརྗོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གི་གཏམ་བཤད་དེ་ཧོང་ཀོང་དབྱིན་ཡུལ་གྱིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བྱས་པ་ཤིག་ཡིན་ཞིང་། དུས་དྲན་མཛད་སྒོ་དེའི་སྐབས་ཉེ་ལམ་གསར་དུ་བདམས་པའི་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ Carrie Lam གྱི་ལས་འཁུར་དམ་བཅའ་ཡང་བྱས་ཡོད་པ་རེད།  ཧོང་ཀོང་གི་ཡུལ་མི་མང་པོས་ Carrie Lam ནི་རྒྱ་ནག་གིས་གང་ཁྲིད་མི་སྣ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་པའི་ཐོག། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་དང་མང་གཙོའི་ཐོབ་ཐང་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར་ཁོང་ཁྲོ་ཆེན་པོ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གི་ཐེངས་འདིའི་ཧོང་ཀོང་གི་འཚམས་གཟིགས་འདི་ནི་ཕྱི་ལོ་ ༢༠༡༢ ལོར་ཁོང་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱུང་རྗེས་ཀྱི་འཚམས་གཟིགས་ཐོག་མ་དེ་ཡིན་པ་དང་། ཞི་ཇིན་པིང་གི་སྲུང་སྐྱོབ་ཀྱི་ཆེད་ནམ་རྒྱུན་འཁྲུག་ཆ་དོད་པའི་ཧོང་ཀོང་གྲོང་ཁྱེར་གྱི་ཆ་ཤས་མང་ཆེ་བ་སྒོ་བརྒྱབ་ཡོད་འདུག
གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གིས། སུས་ཀྱང་ཧོང་ཀོང་གི་རྩ་ཁྲིམས་ལ་ཉེན་ཁ་བཟོ་བའམ། སྐམ་ས་ཆེན་པོར་གནོད་གཞིའི་ལས་འགུལ་སྤེལ་བ། ཡང་ན་སིམ་འཛུལ་བྱ་ཡུལ་དུ་བེད་སྤྱོད་བྱེད་ན་འགྲིག་རྒྱུ་མིན་པའི་ཉེན་བརྡ་ཤུགས་ཆེ་བཏང་འདུག
ཧོང་ཀོང་ནང་གི་གཞོན་སྐྱེས་ལས་འགུལ་བ་ཁག་གཅིག་གིས་ཧོང་ཀོང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་ལུགས་འབོད་སྒྲ་ཤུགས་ཆེ་སྒྲོགས་བཞིན་པ་མ་ཟད། ཧོང་ཀོང་རྒྱ་ནག་ནས་ལོགས་སུ་རང་བཙན་དགོས་རྒྱུའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎