ཞིས་ཅིན་ཕེན་མཚོ་སྔོན་གྱི་ན་གོར་མོ་གྲོང་ཁྱེར་ནང་ཕེབས་པ།

2016-08-23
གློག་འཕྲིན།
མཆན།
Share
པར་བཀོད།
ཞིས་ཅིན་ཕེན་དེ་སྔ་བོད་ནང་ཕེབས་སྐབས།
ཞིས་ཅིན་ཕེན་དེ་སྔ་བོད་ནང་ཕེབས་སྐབས།
པར་ཚགས།

༄༅༎རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་གནས་ཚུལ་བཀོད་པ་ལྟར་ན།
ཟླ་བ་འདིའི་ཚེས་༢༢ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་ནང་ཕེབས་ནས།སྤྱི་ལེ་དྲུག་ཅུ་ལྷག་གི་རིང་རླངས་འཁོར་ལ་བསྡད་དེ་མཚོ་ནུབ་ཁུལ་གྱི་ཚྭ་མཚོ་དཀར་མོའི་བཟོ་ལས་ཁུལ་དུ་ཕྱིན་ཏེ་གཟིགས་ཞིབ་ཀྱིས་།མཚོ་སྔོན་གྱི་ནུས་པའི་ཐོན་ཁུངས་ནི་རྒྱལ་ཡོངས་ཀྱི་ནུས་པའི་ཐོན་ཁུངས་ཡིན་པས།རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་གཞི་རྩར་བཟུང་ནས་།ཐོན་ནུས་བེད་སྤྱོད་ལེགས་པོ་བྱེད་དགོས་ཚུལ་བརྗོད་འདུགདེ་བཞིན་ཡང་ཞིས་ཅིན་ཕེན་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་རི་བོའི་གྲོང་བརྡལ་གྱི་འབྲི་ཆུའི་འབྱུང་ཡུལ་སྡེ་བར་ཕྱིན་ནས་།བོད་རིགས་མང་ཚོགས་ལ་འཚམས་འདྲི་བྱས་ཚུལ་དང་།སྡེ་བ་དེར་གནས་སྡོད་བོད་རིགས་རྣམས་ནི་ས་དེར་གནས་སྤོས་མ་བྱས་སྔོན་ལ་།ཁམས་ཡུལ་ཤུལ་གྱི་གཙང་གསུམ་འབྱུང་ཁུངས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ནས་ཡིན་པ་དང་།དེ་སྔོན་མཚོ་ངོས་ལས་མཐོ་ཚད་མིས་ཌར་༤༧༠༠ཡན་གྱི་མཐོ་སྒང་ནས་སྦྲ་གུར་ནང་འཚོ་བ་རོལ་བཞིན་ཡོད་ནའང་།ད་ལྟ་གནས་འདིར་སྤོར་ནས་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པའི་ཁང་པའི་ནང་བསྡད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ཚུལ་དང་།བོད་རིགས་ཚོས་ཞིས་ཅིན་ཕེན་ཁ་བཏགས་ཕུལ་ནས་བཀྲ་ཤིས་བདེ་ལེགས་ཞུས་ཡོད་ཚུལ་སོགས་བཀོད་འདུག
ཡིན་ནའང་ལོ་ཤས་སྔོན་ལ་མཚོ་སྔོན་གྱི་བོད་ཀྱི་གསར་འགོད་པ་ཞིག་གིས་ཟིན་བྲིས་ནང་།ན་གོར་མོ་གྲོང་ཁྱེར་ནང་གཞིས་སྤོས་བྱས་པའི་ཡུལ་ཤུལ་རྫ་སྟོད་ཀྱི་བོད་རིགས་ཚོར་།གྲོང་ཁྱེར་གྱི་འཚོ་བར་གོམས་ལོབས་མེད་པ་དང་།གཞུང་གི་རོགས་སྐྱོར་གྱི་དངུལ་གྱིས་མ་འདང་བ་དང་།ལས་ཀ་མ་རེག་པར་དཀའ་ངལ་ལ་འཕྲད་བཞིན་པའི་གནས་ཚུལ་བཀོད་ཡོད།།
གསར་འགོད་པ་ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།