སྨྲ་ར་བཞག་པའི་ཉེས་མིང་འོག་ངོ་ལོ་བརྒྱད་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

2022.03.17
ཤིན་ཅང་གི་(Artux)་ས་གནས་སུ་ལྕགས་ཚེར་དང་ཉེན་རྟོག་ལྟ་ཞིབ་སྟེགས་སུ་མཐོང་རྒྱུ་ཡོད་པ། ༢༠༡༨
AP

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱལ་ཁབ་རིམ་པའི་(volleyball)་སྤོ་ལོའི་ལུས་རྩལ་དགེ་རྒན་(Alimjan Mehmut)་ཡིས་སྨྲ་ར་བཞག་པ་ནག་ཉེས་སུ་བགྲངས་ནས་འཛིན་བཟུང་གིས་ལོ་ངོ་བརྒྱད་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཕོག་ཡོད་པ་དང་། ཁོང་དེ་སྔ་༢༠༠༨ལོའི་དབྱར་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་དཔལ་འབར་འཁྱེར་མཁན་གྱི་མིང་ཐོའི་ནང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁ་ཆེའི་ཆོས་ཉམས་ལེན་དང་རིག་གཞུང་ཐོག་དམ་དྲག་དྲག་གནོན་བྱེད་བཞིན་པའི་སྐབས་འདིར། ཁོང་ཤིན་ཅིང་གི་ཨ་ཁི་སུའུ་ཞེས་པའི་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་ལུགས་སྐྱབས་བཅོལ་དུ་ཡོད་པའི་ཡུ་གུར་བ་ཞིག་དང་ས་གནས་ཉེན་རྟོག་པ་ཞིག་གིས་བརྗོད་ཡོད་འདུག
ཤིན་ཅིང་དུ་ཡོད་པའི་རྒྱ་ནག་གི་དཔོན་རིགས་ཚོས་ཆོས་ལུགས་ཐལ་སྤྱོད་པར་རྡུང་རྡེག་གི་མིང་ཐོག་ནས་ཁ་ཆེའི་རིག་གཞུང་ལ་ཤུགས་རྐྱེན་ཡོད་པའི་སྲོལ་རྒྱུན་གྱི་རྒྱན་གོས་དང་། སྨྲ་ར་འཇོག་པ། གཉེན་སྒྲིག་དང་དུར་འཇུག ད་དུང་ཕྲུ་གུ་ཚོར་མ་ཧ་མ་ཌི་དང་ཡང་ན་དེ་མིན་གྱི་སྐད་གྲགས་ཡོད་པའི་མི་སྣ་དེ་འདྲའི་མིང་བཏགས་པའི་རིགས་ལ་སྟངས་འཛིན་དམ་དྲག་བྱེད་པའི་སྣང་ཚུལ་ཇེ་ཆེར་འགྲོ་བཞིན་པ་འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་འདུག
ལུས་རྩལ་དགེ་རྒན་(Alimjan Mehmut)་ལགས་ནི། ཤིན་ཅིང་གི་ཁ་ཞི་སྒར་ལུས་རྩལ་སློབ་གྲྭའི་དགེ་རྒན་ཡིན་པར་སོང་། འདི་ག་རླུང་འཕྲིན་ཁང་གིས་སློབ་གྲྭ་དེར་ཐད་ཀར་འབྲེལ་བ་བྱས་ཀྱང་འབྲེལ་ཡོད་མི་སྣ་ཞིག་གིས་སློབ་གྲྭ་དེའི་དགེ་རྒན་དེ་འདྲ་ཞིག་འཛིན་བཟུང་བྱས་མེད་ལུགས་ལན་འདེབས་དང་། (Alimjan Mehmut )་གྱི་སྐོར་ལ་དྲི་བ་དྲིས་རྗེས་འབྲེལ་ཡོད་དེས་ང་ཚོ་སློབ་གྲྭའི་ནང་(Alimjan Mehmut)་ཟེར་བ་ཞིག་མེད་ཅེས་ལབ་ནས་དྲི་བར་ལན་འདེབས་བྱས་མེད་པ་རེད། ཡིན་ན་ཡང་ཁ་ཞི་སྒར་ས་གནས་ཀྱི་ཉེན་རྟོག་པ་ཞིག་གིས་(Alimjan Mehmut)་གྱིས་སྨྲ་ར་བཞག་པར་བསྙད་ནས་འཛིན་བཟུང་བྱས་ཡོད་ལུགས་ཡུ་གུར་སྡེ་ཚབ་གྱིས་འདྲི་རྩད་སྐབས་བརྗོད་ཡོད་འདུག
ལུས་རྩལ་དགེ་རྒན་(Alimjan Mehmut)་ལགས་ནི། དོན་གཉེར་བ་ཞིག་ཡིན་པའི་ཆ་ནས་ལུས་རྩལ་བའི་ཁོར་ཡུག་ཙམ་དུ་མ་ཟད། ཡུ་གུར་བའི་སྤྱི་ཚོགས་ཁྲོད་དུའང་ཧ་ཅང་གི་གུས་བརྩི་དང་ཤུགས་རྐྱེན་སྤྲོད་ཐུབ་མཁན་ཞིག་ཡིན་པ་རེད། མི་སྣ་དེའི་གྲས་ལ་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧་ལོ་ནས་བཟུང་ཉེས་འདོགས་འདྲ་མིན་འོག་འཛིན་བཟུང་དང་རྡུང་རྡེག་གཏོང་བཞིན་ཡོད་འདུག།

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎