རྒྱ་ནག་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་ནི་ཆབ་སྲིད་ཀྱི་ལག་ཆ་རེད་ཟེར།

2019-03-18
གློག་འཕྲིན།
མཆན།
Share
པར་བཀོད།
ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་ཡུ་གུར་བས་རྒྱ་ནག་གཞུང་ལ་ངོ་རྒོལ། ༢༠༡༩
ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་ཡུ་གུར་བས་རྒྱ་ནག་གཞུང་ལ་ངོ་རྒོལ། ༢༠༡༩
RFA/Ekrem

རྒྱ་ནག་གཞུང་གིས་ཤིན་ཅིང་ངམ་ཤར་ཏུར་ཀི་སི་ཐན་ཐོག་རྒྱབ་ཤ་དཀར་པོ་ཞེས་པའི་ཡིག་ཆ་བཏོན་པར་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་གི་ཝི་གུར་ཁ་ཆེ་ས་ཡ་གཅིག་ལྷག་ཙམ་བསམ་བློའི་བཅོས་བསྒྱུར་ཁང་ཟེར་བ་ཁག་གི་ནང་བཀག་ཉར་བྱེད་པ་སོགས་དམ་དྲག་གི་སྲིད་བྱུས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་ནུབ་ཕྱོགས་མང་གཙོའི་ཡུལ་གྲུའི་གཞུང་དང་གྲོས་ཚོགས་སོགས་ཀྱིས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པའི་སྐབས་འདིར།  ཕྱི་ཟླ་ ༣ ཚེས་ ༡༨ ཉིན་རྒྱ་ནག་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤིན་ཅང་དང་འབྲེལ་བའི་ཐོག་རྒྱབ་ཤ་དཀར་པོའི་ཡིག་ཆ་ཟེར་བ་འདོན་སྤེལ་བྱས་པའི་ནང་། ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཝི་གུར་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ ༡༢༩༩༥ ཙམ་འཛིན་བཟུང་བྱས་པ་དང་། དྲག་སྤྱོད་པ་དང་འཇིག་སྐུལ་བའི་ཚོགས་སྡེ་ ༡༥༨༨ རྩ་མེད་བཏང་པ། འབར་རྫས་ཡོ་བྱད་༢༠༥༢ ཙམ་འཕྲོག་ལེན་ཐུབ་པ། ཁྲིམས་འགལ་ཆོས་ལུགས་ཀྱི་ལས་དོན་ ༤༨༥༨ ཙམ་གཉེར་བའི་རྐྱེན་གྱིས་མི་གྲངས་ ༣༠༦༤༥ ཙམ་ལ་ཉེས་ཆད་བཏང་པ། ཁྲིམས་འགལ་ཆོས་ལུགས་ཀྱི་ཡིག་ཆའི་འདྲ་བཤུས་ ༣༤༥༢༢༩ ཙམ་གཞུང་གཤེར་བཏང་ལུགས་སོགས་བཀོད་ཡོད་པ་རེད།  
འོན་ཀྱང་འཛམ་གླིང་ཝི་གུར་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ ལྡིལ་ཤཱཏ་ རཀ་ཞིཏ་ གྱིས་ རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོ་འདི་བཏོན་པའི་དགོས་དོན་ནི་རྒྱ་ནག་གཞུང་གིས་ཝི་གུར་མི་རིགས་ཚོའི་ཐོག་ཐལ་ཆའི་དྲག་གནོན་བྱེད་བཞིན་པར་ས་གནས་ནང་རྒྱབ་སྐྱོར་འབྱུང་ཐབས་དང་་གཙོ་བོ་མིའི་ཐོབ་ཐང་བརྡེལ་བཤིག་གི་བྱ་སྤྱོད་ཁག་སྦས་ཐབས་ཆེད་ཡིན་པའི་སྐྱོན་བརྗོད་གནང་འདུག  ཉིན་ཤས་སྔོན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ མཡེཀ་པོམ་པེའོ་མཆོག་གིས་ཀྱང་རྒྱ་ནག་གཞུང་གིས་ཝི་གུར་ཁ་ཆེའི་མི་རིགས་ཐོག་དམ་དྲག་བྱེད་བཞིན་པ་དེ་ནི་ཕྱི་ལོ་ ༡༩༣༠ འི་ནང་ན་ཛི་སྲིད་གཞུང་གིས་ཇཱུ་མི་རིགས་ཐོག་དྲག་གནོན་བྱས་པ་དང་འདྲ་པོ་ཡིན་པ་གསུངས་སྟེ་རྒྱ་ནག་གི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།