རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་གྲྭ་བཙུན་མང་པོ་ཕྱིར་ཕུད་བྱས་འདུག

2019-06-19
གློག་འཕྲིན།
མཆན།
Share
པར་བཀོད།
ཡ་ཆེན་སྒར་ནས་གྲྭ་བཙུན་མང་པོ་ཕྱིར་ཕུད་སྐབས་ཅ་དངོས་སྤུངས་ཡོད་པ། ༢༠༡༩།༥
ཡ་ཆེན་སྒར་ནས་གྲྭ་བཙུན་མང་པོ་ཕྱིར་ཕུད་སྐབས་ཅ་དངོས་སྤུངས་ཡོད་པ། ༢༠༡༩།༥
བོད་འབྱོར།

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་བོད་རང་སྐྱོང་ལྗོངས་ཟེར་བ་སོགས་ས་གནས་གཞན་པའི་གྲྭ་བཙུན་མང་པོ་མི་འདོད་བཞིན་དུ་ཕྱིར་ཕུད་བྱས་འདུག
རྒྱ་ནག་གིས་བརྗོད་བཞིན་པའི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་ཁོངས་སུ་ཆགས་པའི་ཡ་ཆེན་སྒར་ཞེས་པའི་ནང་། རྒྱ་ནག་གཞུང་གིས་ཕྱི་ཟླ་༥པ་ནས་གྲྭ་བཙུན་ཕྱིར་ཕུད་གཏོང་པའི་ལས་གཞི་ལག་བསྟར་འགོ་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནས་ཡིན་པའི་གྲྭ་བཙུན་ཕལ་ཆེ་བ་ཕྱིར་ཕུད་བཏང་ཡོད་པའི་སྐོར་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱུང་ཡོད་པ་ལྟར།  ད་ལྟའི་ཆར་དེ་འབྲེལ་གྱི་བརྙན་པར་ཁག་ཅིག་བོད་ནས་གསར་དུ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་ཡོད་པའི་ནང་། ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཞེས་པའི་ཡིག་གེ་གསལ་བོ་མཐོང་རྒྱུ་ཡོད་པ་དང་། གྲྭ་བཙུན་རྣམ་པའི་ཐབ་ཆས་དང་ནང་ཆས་སོགས་ཐང་སྟོང་དུ་སྤུངས་ཡོད་པ།  དཔེ་ཆ་དང་དཔེ་དེབ་མང་པོ་ཁང་པ་ཞིག་གི་ནང་སྤུངས་པའི་འདྲ་པར་དང་། དེ་བཞིན་གྲྭ་བཙུན་རྣམས་བང་སྒྲིག་ནས་རླངས་འཁོར་ནང་འགྲོ་བཞིན་པ་བརྙན་ཐུང་ནང་གསལ་པོར་མཐོང་རྒྱུ་འདུག
བོད་ནས་གནས་ཚུལ་ངོ་སྤྲོད་པ་དེས་བརྗོད་ན། གྲྭ་བཙུན་ཕྱིར་འབུད་བྱས་པ་དེ་དག་ཕལ་ཆེ་བ་མཚན་མོ་རླང་འཁོར་ནང་བཅུག་ནས་འཁྲིད་པ་དང་། ད་དུང་གྲྭ་བཙུན་ཚོས་ཁ་པར་ཐོག་ནས་བརྙན་པར་སོགས་ལེན་མི་ཆོག་པའི་དམ་དྲག་ཀྱང་བྱས་འདུག་ཅིང་། ཡ་ཆེན་སྒར་ནས་ཕྱིར་འབུད་བྱས་པའི་གྲྭ་བཙུན་དེ་དག་དར་རྩེ་མདོའི་གནམ་ཐང་དུ་སྐྱེལ་ནས་ཁུངས་སོ་སོར་བཏང་གི་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
ད་ལྟའི་འཆར་ཡ་ཆེན་སྒར་གྱི་གྲྭ་ཤག་ལ་སོགས་པ་ཁང་པ་བཏོར་གཤིག་བཏང་པའི་གནས་ཚུལ་བྱུང་མེད་ན་ཡང་། དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་བཏང་པ་ལྟར། གྲྭ་བཙུན་ཕྱིར་འབུད་ཀྱི་ལས་གཞི་ཟིན་རྗེས་རིམ་པས་གྲྭ་ཤག་གཏོར་བཤིག་གི་ལས་དོན་འགོ་འཛུགས་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།