༧སྐྱབས་རྗེ་ལྡིང་གུང་རིན་པོ་ཆེ་མཆོག་གིས་མོན་ཡུལ་གྱི་བུ་ཕྲུག་སློབ་མ་ཚོར་གཟིགས་རྟོག་གནང་བཞིན་པ།

ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་དཔལ་རབ་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འཁྲིས་ཀཡེས་ས་གནས་སུ་ཆགས་པ་དྭགས་པོ་བཤད་གྲུབ་གླིང་དགོན་པའི་ལྡིང་གུང་རིན་པོ་ཆེ་ཡིད་ཆེས་དགེ་རྩའི་མཚན་ཐོག་ནས་མོན་ཡུལ་གྱི་བུ་ཕྲུག་སློབ་མ་ཚོར་གཟིགས་རྟོག་གནང་རྒྱུའི་ལས་རིམ་ཞིག་སྤེལ་བཞིན་ཡོད་ཅིང་། ད་བར་མོན་ཁུལ་གྱི་བུ་ཕྲུག་མང་པོ་ཞིག་བོད་ཕྲུག་ཁྱིམ་སྡེར་སློབ་འཇུག་བྱེད་ནས་དེ དག་ལ་རྒྱུན་དུ་གཟིགས་རྟོག་གནང་བཞིན་ཡོད་པ་སོགས། འདས་པའི་ལོ་ངོ་ ༡༠ ལྷག་ཙམ་གྱི་རིང་བུ་ཕྲུག་ཚོའི་མདུན་ལམ་སྐྲུན་ཕྱོགས་ཐད་ཕྱག་ལས་ཇི་གནང་སྐོར་༧སྐྱབས་རྗེ་ལྡིང་གུང་རིན་པོ་ཆེ་མཆོག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་མོལ་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག