༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རྣམས་ལག་བསྟར་བྱས་ཏེ་སེམས་དང་མི་ཚེའི་འགྱུར་བ་གཏོང་ཕྱོགས།


2020-11-12
Share
༧གོང་ས་མཆོག་གི་བཀའ་སློབ་རྣམས་ལག་བསྟར་བྱས་ཏེ་སེམས་དང་མི་ཚེའི་འགྱུར་བ་གཏོང་ཕྱོགས། ཨ་རིའི་མི་ནི་སོ་ཊ་ཁུལ་དུ་གནས་བཞུགས་སེམས་ཁམས་འཕྲོད་བསྟེན་གྱི་སྨན་ཁང་ནང་ཕྱག་ལས་གནང་མཁན་བྱམས་པ་རི་རྩེ་ཀུ་ར་ལགས་ཀྱིས་སེམས་དང་མི་ཚེའི་འགྱུར་བ་གཏོང་ཕྱོགས་ཞེས་པའི་དེབ་ཅིག་བྲིས་ཡོད་པ།
བྱམས་པ་རི་རྩེ་ཀུ་ར།

བོད་དང་རྒྱལ་སྤྱིའི་གནད་དོན་ཞེས་པའི་ལེ་ཚན་ནང་།  རང་གི་མི་ཚེ་ནང་སེམས་སྡུག་དང་ཡིད་རྨུག་གིས་རྐྱེན་པས་སྐབས་ཤིག་ལ་རང་སྲོག་གཅོད་གྲབས་བྱེད་མཁན་གཞོན་སྐྱེས་ཁྲོད་མང་པོ་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ཁྲོད་ཉུང་ཤས་ཡིན་པ་རེད།  འདི་འདྲའི་གནས་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་ལ་སྟངས་འཛིན་བྱེད་ལུགས་དང་སྒོམ་སྒྲུབ་ཉམས་ལེན་བྱེད་ཕྱོགས་སྐོར་བཀའ་སློབ་ཁག་ལག་བསྟར་བྱེད་དེ་སྡུག་བསྔལ་འདི་ནས་ཐར་པ་ཙམ་མ་ཟད།  ད་ཆ་རང་ཉིད་ཀྱི་དཀའ་སྡུག་མྱོང་བ་འདི་དག་དེབ་གཟུགས་སུ་བཀོད་ནས་(སེམས་དང་མི་ཚེའི་འགྱུར་བ་གཏོང་ཕྱོགས་)ཞེས་པའི་ཕྱག་དེབ་འདོན་སྤེལ་གནང་མཁན་ཨ་རིའི་མི་ནི་སོ་ཊ་ཁུལ་དུ་གནས་བཞུགས་སེམས་ཁམས་འཕྲོད་བསྟེན་གྱི་སྨན་ཁང་ནང་ཕྱག་ལས་གནང་མཁན་བྱམས་པ་རི་རྩེ་ཀུ་ར་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།


མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།