འཛོམས་ས་ཞེས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་བརྡར་བསྟི་གནས་ཁང་།

2021.04.06
འཛོམས་ས་ཞེས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་བརྡར་བསྟི་གནས་ཁང་། བོད་མི་གསུམ་གྱིས་ས་ལུ་སྒ་རར་སྦྱོང་བརྡར་བསྟི་གནས་ཁང་ཞིག་དབུ་འབྱེད་གནང་བ།
འཛོམས་ས་སྦྱོང་བརྡར་བསྟི་གནས་ཁང་།

༄༅།།རྒྱ་གར་བྱང་ཤར་ནུབ་སྦང་གྷལ་མངའ་སྡེའི་ཤི་ལི་གུ་རི་རྫོང་ཁོངས་ས་ལུ་སྒ་ར་ནང་བོད་མི་གསུམ་གྱིས་འཛོམས་ས་ཞེས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དགོངས་པ་གཙོ་བོ་བཞི་ངོ་སྤྲོད་ཁྱབ་སྤེལ་ཞུ་སླད་བཅས་ཀྱི་ཆེད་དམིགས་ནས་སློབ་ཁྲིད་བྱ་ཡུལ་གྱི་སྦྱོང་བརྡར་བསྟི་གནས་ཁང་ཞིག་ཕྱི་ཟླ་ ༤ ཚེས་ ༣ ཉིན་དངོས་སུ་གསར་འཛུགས་དབུ་འབྱེད་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འཛོམས་ས་སྦྱོང་བརྡར་བསྟི་གནས་ཁང་གསར་འཛུགས་གནང་མཁན་ནང་ནས་བསྟན་འཛིན་བྱང་ཆུབ་ལགས་དང་། ཐུབ་བསྟན་ཚེ་དབང་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎