བོད་རིགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་བཙོན་ཁྲིམས་བཅད་པའི་གནད་དོན་ཐད་གླེང་བ།

2021.12.25
Share on WhatsApp
Share on WhatsApp
བོད་རིགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་བཙོན་ཁྲིམས་བཅད་པའི་གནད་དོན་ཐད་གླེང་བ། རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་སྐོར་དབྱེ་ཞིབ།
Photo: RFA

དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བཙན་བྱོལ་ནང་གི་ཤེས་ཡོན་པ་དང་འཐབ་རྩོད་པ་དང་ཉམས་ཞིབ་པ་བཅས་མི་སྣ་གསུམ་གདན་ཞུས་ཐོག་སྒོ་ཤེས་རབ་རྒྱ་མཚོ་ལ་རྒྱ་ནག་གིས་ལོ་བཅུའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་སྐོར་དབྱེ་ཞིབ་བྱེད་པ་ཡིན་། དེ་ཡང་ཧྥ་རན་སིར་གནས་སྡོད་བྱེད་བཞིན་ཡོད་པའི་རྩོམ་པ་པོ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་༼སྒོ་ཤེས་རབ་རྒྱ་མཚོ་ཁོང་ཉིད་ཀྱིས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་མཚན་དངོས་སུ་ཟིན་ནས་༧གོང་ས་མཆོག་གི་གསུངས་ཆོས་ལུང་འདྲེན་བྱེད་ཡ་དང་མི་མང་ནང་དེའི་ཤུགས་རྐྱེན་སྤེལ་རྒྱུའི་ཐོག་ནུས་པ་ཤུགས་ཆེན་པོ་བཏོན་ཡོད་༽ཅེས་བརྗོད་སོང་། ཡང་བཞུགས་སྒར་རྡ་རམ་ས་གཏན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་༼སྒོ་ཤེས་ལགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་འོག་ནས་ཡོད་པའི་སོ་སོའི་སྨྲ་བརྗོད་རང་དབང་བེད་སྤྱོད་བཏང་ནས་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་གལ་ཆེན་པོ་བརྩི་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་ནག་ཁོང་རང་ཚོས་མི་རིགས་རྩ་གཏོར་གཏང་རྒྱུའི་སྲིད་ཇུས་དང་རྒྱབ་འགལ་ཆགས་ཀྱི་ཡོད་རེད་༽ཅེས་བརྗོད་། ཡང་ཨ་རིའི་ནུ་ཡོ་དང་ནུ་ཇ་སི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་༼ནམ་ཞག་རྒྱུན་དུ་རྒྱ་ནག་དམར་པོའི་གཞུང་གིས་སྤྱི་ཚོགས་ནང་མི་དམངས་ཀྱི་བསམ་བློ་སྣེ་ཁྲིད་བྱེད་ཐུབ་མཁན་མི་ཞིག་ཐོན་ཡོང་གི་ཡོད་ན་འདི་རང་བཞིན་གྱིས་ཁོང་ཚོ་དམར་པོའི་གཞུང་གིས་དབང་ཆ་སྟངས་འཛིན་བྱེད་ཡ་ལ་དོ་ཕོག་འགྲོ་རྒྱུའི་རང་བཞིན་གྱི་ཉེན་ཁ་ཞིག་མཐོང་གི་ཡོད་པ་རེད་༽ཅེས་གསུངས་ཡོད་པས་བགྲོ་གླེང་ཆ་ཚང་འདིར་གསན་ཐུབ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།