བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་(TCHRD)གིས་རྒྱ་ནག་གིས་བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་སྐོར་དམིགས་བསལ་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་པའི་ནང་གསལ་སྟོན་གནང་ཡོད་ཅིང་། དེའི་ནང་སྨྲ་བརྗོད་རང་དབང་ལ་དམ་དྲག་ཚབས་ཆེན་དང་། དྲ་རྒྱའི་བཀག་སྡོམ། མཁས་དབང་དང་། སྒྱུ་རྩལ་བ། རིག་གཞུང་མི་སྣ་བཅས་ལ་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་ཞིབ་ཕྲ་གསལ་བཀོད་གནང་ཡོད་པ་འབྲེལ་ཡོད་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་གསུངས་བྱུང་། དེ་བཞིན་རང་དབང་ཁང་པའི་སྙན་ཐོའི་ནང་རྒྱ་ནག་ནི་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་མཁན་གཙོ་བོ་ཡིན་པ་བརྗོད་པ་དང་། གནས་ཚུལ་ཐོ་འགོད་བྱས་པའི་ཁོངས་ནས་ཁྱོན་བསྡོམས་ཀྱི་བརྒྱ་ཆ་ ༢༢ རྒྱ་ནག་ཐུགས་ཡོད་པར་ངོས་འཛིན་བྱས་ཡོད། བདུན་ཕྲག་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་གནད་དོན་འདི་དག་གི་སྐོར་གྲོས་བསྡུར་དཔྱད་གླེང་ཞུས་པར་གསན་རོགས།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།