པཎ་ཆེན་རིན་པོ་ཆེ་མཐོ་སློབ་མཐར་སོན་སྐོར་བརྗོད་པ།

2019-11-26
གློག་འཕྲིན།
མཆན།
Share
པར་བཀོད།
པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག།
པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་གྱུར་བའི་རྟོག་ཞིབ་ལས་དོན་ཚོགས་ཆུང་ལ་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གར་ཡོད་གནད་དོན་ཐད་རྒྱ་ནག་གཞུང་གིས་ལན་འདེབས་བྱས་ཡོད་ཅིང་།  དེའི་ནང་ཁོང་མཐོ་སློབ་མཐར་སོན་ཏེ་ཕྱག་ལས་གནང་བཞིན་ཡོད་པ་བརྗོད་པའི་ཐད་ཚོགས་ཆུང་དེས་འདོད་བློ་ཁེངས་མེད་པ་གསུངས་ཡོད་པ་རེད།   འདིའི་ཐད་བོད་ཀྱི་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་།  ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་མི་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་བཅས་ལ་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་སྙན་སྒྲོན་ཞུ་རྒྱུ་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།