ཁྲིམས་འཆར་གསར་པར་རྒྱབ་སྐྱོར་དགོས་པའི་ཞུ་འབོད་ཀྱི་ཆེད་བོད་མི་ཉིས་བརྒྱ་ལྷག་འདུ་འཛོམས།

བོད་དོན་ཞུ་གཏུག་ཆེད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཉིས་བརྒྱ་ལྷག་འདུ་འཛོམས་གནང་བའི་ནང་གཞོན་སྐྱེས་མང་བ་འདུག

འདི་ལོ་ཨ་རིའི་མངའ་སྡེ་ ༢༩ ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༢༢༩ ལྷག་ཨ་རིའི་རྒྱས་ལ་ཝ་ཤིན་ཊོན་དུ་ཕྱི་ཟླ་ ༦ ཚེས་ ༨ དང་ ༩ ཉིན་འཛོམས་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག་ཞུ་གཏུག་གནང་མཁན་ཚོས་སོ་སོའི་ས་གནས་ཀྱི་གྲོས་ཚོགས་འཐུས་མིའམ་ཡང་ན་འབྲེལ་ཡོད་ལས་བྱེད་ཚོ་དང་མཇལ་འཕྲད་གནང་སྟེ་ཨ་རིའི་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གནང་ཡོད། དེ་ཡང་ཉེ་བའི་བདུན་ཕྲག་འགའ་ཤས་ནང་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱི་རྣམ་པའི་ཐོག་ནས་བོད་དོན་ཁྲིམས་འཆར་གསར་པ་གཉིས་བཏོན་གནང་ཡོད་པ་དེ་དག་ལ་གཙོ་བོ་དམིགས་ཏེ་ཞུ་གཏུགས་གནང་ཡོད་པ་དང་། ཁྲིམས་འཆར་དེ་དག་ནི་ལོ་ཤས་རིང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གལ་ཆེ་ཤོས་ཤིག་ཀྱང་ཆགས་ཡོད་པར་ངོས་འཛིན་གནང་གི་འདུག

ལྕམ་ནེན་སི་པེ་ལོ་སི་མཆོག་ཆེད་ཕེབས་གནང་པ།
ལྕམ་ནེན་སི་པེ་ལོ་སི་མཆོག་ཆེད་ཕེབས་གནང་པ། ༢༠༢༥།༠༦།༠༨ (བོད་སྐད་སྡེ་ཚེན།)

དེ་ཡང་ཁྲིམས་འཆར་དང་པོ་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) དང་། མཡེ་ཀལ་མེཀ་ཀོལ་ (Michael McCaul) རྣམ་གཉིས་ཀྱིས་བཏོན་པའི་ཁྲིམས་འཆར་གསར་པ་ ༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་ (Assuring the Future of Tibet Act of 2026) ཞེས་པ་དེ་ཡིན་པ་དང་། འདིས་བོད་མིའི་སྒྲིག་འཛུཊ་དང་འགོ་ཁྲིད་ལ་ཨ་རི་དང་རྒྱལ་ཚོཊ་ནས་ངོས་འཛིན་དགོས་པ་གླེང་ཡོད།

གཉིས་པ་དེ་གྲོས་ཚོགས་གོང་མའི་འཐུས་མི་རིཀི་སིཀོཊི་ (Rick Scott) དང་འཇེཧྥ་མརྐ་ལི་ (Jeff Merkley) གཉིས་ཀྱིས་བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ངོས་འཛིན་གྱི་ཁྲིམས་འཆར་གསར་པ་ (Tibet Atrocities Determination Act) དེ་ངོ་སྤྲོད་གནང་ཞིང་དེ་མཚུངས་བདུན་ཕྲག་སྔོན་མར་ཁྲིམས་འཆར་འདི་དང་ཆ་འདྲ་བ་ཞིག་གྲོས་ཚོགས་འོག་མའི་ནང་འཐུས་མི་ཁིརིསི་སིམིཐ་ (Chris Smith) དང་ཊོམ་སུའོ་ཛི་(Tom Suozzi) གཉིས་ནས་ངོ་སྤྲོད་གནང་ཞིང་། ད་ལྟ་བོད་དོན་ཁྲིམས་འཆར་གསར་པ་དེ་གྲོས་ཚོགས་གོང་འོག་གཉིས་སུ་མདུན་སྐྱོད་གནང་བཞིན་ཡོད། དེ་ནི་རྒྱ་ནག་གིས་བོད་ནང་བཙན་གནོན་གྱི་བྱ་སྤྱོད་དེ་དག་མི་རིགས་སྡེབས་གསོད་ཀྱིས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་མེད་ཐད་དངོས་སུ་ཞིབ་བཤེར་དང་གྲོས་ཚོགས་ལ་སྙན་ཐོ་འབུལ་དགོས་པའི་དགོས་མཁོ་སོགས་འཁོད་ཡོད། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་དོན་ཁྲིམས་འཆར་གཉིས་ངོ་སྤྲོད་བྱས་པ་དེས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་བོད་དོན་ལ་རྒྱབ་སྐྱོར་ཀྱི་རྣམ་རྒྱུར་ཤུགས་ཆེ་མཚོན་གྱི་ཡོད་པ་ཞུ་གཏུག་ཏུ་ཕེབས་མཁན་ཚོས་ངོས་འཛིན་གནང་གི་འདུག

ཨ་མི་རི་ཀའི་མི་སེར་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། ༢༠༢༦།༦།༨
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༢༠༢༦ལོའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྐབས། ཨ་མི་རི་ཀའི་མི་སེར་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། ༢༠༢༦།༦།༨ (RFA Tibetan)

དེ་ཡང་བོད་མི་རིགས་ཚུད་པའི་གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་ཁོངས་སུ་མཉམ་བསྲེས་བྱེད་པར་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་པའི་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་ཁྲིམས་གསར་པ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་བྱས་པ་དེ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་འགོ་ཚུགས་ཀྱི་ཡོད་པའི་སྐབས་འདིར་བོད་དོན་ཞུ་གཏུག་གནང་མཁན་ཚོས་ད་རེས་ཞུ་གཏུག་གི་དུས་ཚོད་དེ་གནད་འགག་ཅན་དུ་ངོས་འཛིན་གནང་གི་ཡོད་པ་རེད།

༢༠༢༦ ལོའི་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་ནང་ཞུགས་མཁན་མང་ཆེ་བ་གཞོན་སྐྱེས་ཕེབས་འདུག ༢༠༢༦ ལོའི་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་ནང་ཞུགས་མཁན་མང་ཆེ་བ་གཞོན་སྐྱེས་ཕེབས་འདུག

བཙན་བྱོལ་བོད་མིའི་མང་གཙོའི་དབུ་ཁྲིད་ལམ་སྲོལ་ཐོག་བསྐྱོད་དེ་ལོ་ངོ་ ༡༥ འཁོར་བའི་དུས་དྲན་སྲུང་བརྩི།

བོད་དོན་ཞུ་གཏུག་གི་ཉིན་མོ་དང་བསྟུན་ནས་དམིགས་བསལ་སྣེ་ལེན་གྱི་འདུ་འཛོམས་ཞིག་སྐོང་ཚོགས་གནང་ཡོད་པ་དང་། འདུ་འཛོམས་ཐོག་ཨ་རིའི་གྲོས་ཚོཊ་འོག་མའི་ཚོཊ་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ལས་ཐོག་ལྕམ་ནེན་སི་པེ་ལོ་སི་མཆོག་ཆེད་ཕེབས་ཀྱིས་ཨ་རིའི་བོད་དོན་ལ་རྒྱབ་སྐྱོར་ནི་རྟག་ཏུ་ཆབ་སྲིད་ཚོགས་པ་གཉིས་ལྡན་ཡིན་ཞེས་གསུངས་གནང་བ་དང་། ཐེངས་འདིའི་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་བོད་མི་གཞོན་སྐྱེས་ད་བར་གྱི་མང་ཤོས་ཞིག་མཉམ་ཞུགས་བྱུང་ཐུབ་པ་དང་གྲོས་ཚོགས་སུ་བཅར་ནས་བོད་དོན་རྒྱབ་སྐྱོར་ཐོབ་རྒྱུའི་ཕྱག་ལས་གནང་བཞིན་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་གནང་ཡོད།

ཨ་རིའི་བོད་དོན་ལ་རྒྱབ་སྐྱོར་ནི་རྟག་ཏུ་ཆབ་སྲིད་ཚོགས་པ་གཉིས་ལྡན་ཡིན་ཞེས་གསུངས་པ། ཨ་རིའི་བོད་དོན་ལ་རྒྱབ་སྐྱོར་ནི་རྟག་ཏུ་ཆབ་སྲིད་ཚོགས་པ་གཉིས་ལྡན་ཡིན་ཞེས་གསུངས་པ།

འདུ་འཛོམས་འདི་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་གནང་བ་དང་། དེ་ཡང་བཙན་བྱོལ་ནང་བོད་མིའི་མང་གཙོའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་འོས་འདེམས་བྱེད་རྒྱུའི་ལམ་སྲོལ་ཐོག་བསྐྱོད་ནས་ལོ་ངོ་ ༡༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ་ཞིག་ཡིན་པ་དང་། ཉེ་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་གི་ལས་ཡུན་གཉིས་པར་འོས་འདེམས་བྱུང་བ་དང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་དམ་བཅའ་འབུལ་བཞེས་གནང་པའི་དུས་སྐབས་དང་སྟབས་འཁེལ་བའི་དུས་ཚོད་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་ཡོད་པ་རེད།

དེ་བཞིན་ཨ་རིའི་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༢༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན་ནས་དུས་ཆེན་གོ་སྒྲིག་གནང་མཁན་ཚོས་དམངས་གཙོའི་རིན་ཐང་དང་བཙན་བྱོལ་ནང་བོད་མི་ཚོས་སྒྲིག་འཛུགས་འཛིན་སྐྱོང་བྱེད་པའི་ལམ་སྲོལ་གྱི་མྱོང་བའི་ཐད་བགྲོ་གླེང་ལ་དོན་སྙིང་འཕར་མ་བྱུང་ཡོད་ཅེས་བརྗོད་ཡོད།

སྤུན་མཆེད་གསུམ་གྱིས་ཝ་ཤིང་ཊོན་དུ་བོད་དོན་ཞུ་གཏུག་ཉིན་མོར་མཉམ་ཞུགས་གནང་པ། འདི་ལོའི་བོད་དོན་ཞུ་གཏུག་གི་ཁྲོད་གཞོན་སྐྱེས་མཉམ་ཞུགས་པ་མང་དུ་སོང་བ།

བོད་དོན་ཞུ་གཏུག་གི་ལས་འགུལ་འདི་བཞིན་བོད་མི་ཨ་མི་རི་ཀའི་མི་སེར་ཡིན་པ་ཚོས། མང་གཙོའི་ལམ་ལུགས་ཁྲོད་སོ་སོའི་རང་དབང་དང་ཐོབ་ཐང་ལོངས་སུ་སྤྱད་ནས་སོ་སོའི་གནས་ཡུལ་ཨ་རིའི་མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མི་ཚོར་བོད་དོན་ཞུ་གཏུག་གནང་རྒྱུ་ཞིག་ཡིན་ལ། ཕྱི་ལོ་ ༢༠༠༩ ནས་དབུ་འཛུགས་གནང་སྟེ་ད་རེས་ཕྱི་ཟླ་ ༦ ཚེས་ ༨ དང་ ༩ བཅས་ཉིན་གཉིས་ཀྱི་ཞུ་གཏུག་སྟེང་ཨ་མི་རི་ཀའི་ས་གནས་ཁག་ ༢༩ ཙམ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༢༢༩ ཙམ་རྒྱལ་ས་ཝ་ཤིང་ཊོན་དུ་འཛོམས་ཏེ་གྲོས་ཚོགས་འཐུས་མི་དང་ལས་བྱེད་བརྒྱ་ལྷག་ལ་དངོས་སུ་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་ཡོད་པ་རེད།།

བོད་རྒྱ་མི་རིཊ་འདྲེས་པའི་གཞོན་སྐྱེས་ཤིག་གི་བོད་དང་བོད་དོན་ལ་ལྟ་ཚུལ། ཀཡེལ་ཊེང་གི་ཨ་མ་ལགས་བོད་པ་དང་། པ་ལགས་རྒྱ་མི་རིགས་ཤིག་རེད་འདུག

ཁ་སྣོན་གསར་འགོད་དང་། ས་གནས་ནས་པར་ལེན་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

ཁ་སྣོན་བརྙན་པར་སྒྲིག་སྦྱོར་བ། སྒྲོལ་དཀར་དང་བཀྲ་དབང་།