ཅེག་གྲོས་ཚོཊ་གོང་མའི་ཚོཊ་གཞོན་ Jiri Oberfalzer གྱིས་ཁྲིམས་གསར་འདི་གྲངས་ཉུང་མི་རིཊ་རྩ་མེད་བཟོ་བའི་ཐབས་ལམ་ཡིན་པ་བརྗོད་འདུག
དེ་ཡང་ཁོང་གིས་བརྙན་ཐུང་བརྒྱུད་བསྒྲགས་གཏམ་སྤེལ་ཏེ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་མ་བྱེད་པའི་ཉིན་གཅིག་གི་གོང་རྒྱ་ནག་གི་ཁྲིམས་ཡིག་འདི་གྲངས་ཉུང་མི་རིགས་ལ་གནོད་སྐྱོན་ཕོག་ཉེན་ཆེན་པོ་ཡོད་པ་གསལ་སྟོན་གནང་འདུག འཇི་རི་ཨོ་སྦར་ཕལ་ཛར་ལགས་ཀྱིས་གསུངས་དོན་དུ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་ནི་གྲངས་ཉུང་མི་རིཊ་རྩ་མེད་བཟོ་བའི་གོམ་སྟབས་གཞན་ཞིག་དང་། རྒྱ་ནག་ནང་ཆོས་དད་རང་དབང་ལ་འགོག་གནོན་བྱེད་པ་ཞིག་རེད། གྲངས་ཉུང་མི་རིཊ་ལ་བཙན་ཤེད་ཀྱིས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་རེད། འདིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ཙམ་མ་ཡིན་པར་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་འགལ་ཡོད། དོན་དངོས་སུ་དེ་ནི་གྲངས་ཉུང་མི་རིགས་ཚང་མ་རྩ་མེད་གཏོང་བའི་བྱེད་སྒོ་ཞིག་རེད། མི་མང་ལ་ལྟ་སྟངས་དང་སྲིད་བྱུས་དེ་འདྲ་ཡོད་པའི་རྒྱལ་ཁབ་ཅིག་འཛམ་གླིང་དམངས་གཙོའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་བརྩི་མི་རུང་བ་རེད་ཅེས་གསུངས་འདུག
ཅེག་གྲོས་ཚོཊ་འོག་མའི་བོད་དོན་ཚོཊ་པའི་ཚོཊ་གཙོ་ཧ་ཡ་ཏོ་ ཨོ་ཀུ་མུ་ར་ལཊ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཀྱི་ཐད་དགོངས་ཚུལ་བསྒྲཊ་པ།
དེ་ཡང་ཁོང་གིས་གསུངས་དོན་དུ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་གཙོའི་ཆ་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པའི་ཐད་སེམས་འཚབ་ཆེན་པོ་ཡོད་པ་བརྗོད་འདོད་བྱུང་། ཁྲིམས་དེས་བོད་མི་ཚོར་སྔར་ལས་ལྷག་པའི་དམ་དྲག་དང་། ཁོང་ཚོའི་སྐད་ཡིག་དང་རིག་གཞུང་། རིག་གནས་དང་ཆོས་ལུགས་ཐོག་དམ་དྲག་ཆེ་རུ་གཏོང་ངེས་རེད་ཅེས་བརྙན་ཐུང་གནང་གསུངས་ཡོད།
ཅེག་གྲོས་ཚོཊ་གོང་མའི་བོད་དོན་ཚོཊ་པའི་ཚོཊ་གཙོ་པྲེ་མིསལི་ར་སྦསི་ཡིས་རྒྱ་ནག་གི་ཁྲིམས་གསར་ནི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དམར་གསོད་གཏོང་བའི་ལག་ཆ་ཞིག་ཏུ་བརྩིས་ཆོག་ཅེས་གསུངས་པ།
དེ་ཡང་ཁོང་གིས་གསུངས་དོན་དུ། རྒྱལ་ཁབ་ཤིག་གི་སྟོབས་ཤུགས་ནི་ས་ཁྱོན་ཆེ་ཆུང་ཙམ་ལ་གཞི་མ་འཛིན་པར།རྒྱལ་ཁབ་དེ་ལ་ཐོབ་པའི་ཆེ་མཐོང་དང་བཟོད་བསྲན་ཇི་ལྟར་བྱེད་པ་ལས་ཤེས་ཐུབ། རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་གསར་པ་དེ་ནི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དམར་གསོད་གཏོང་བའི་ལག་ཆ་ཞིག་ཏུ་བརྩིས་ཆོག དེ་ཡང་རྒྱ་ནག་གིས་བོད་མི་གཅིག་པུ་མ་ཡིན་པར་མི་རིཊ་ཚང་མའི་ལོ་རྒྱུས་དང་། སྒྱུ་རྩལ། རིག་གཞུང་དང་སྐད་ཡིག་ལ་བརྩི་བཀུར་འདང་ངེས་ཤིག་བརྙེད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་དམར་གསོད་གཏོང་བའི་ལག་ཆ་རེད་ཅེས་གསུངས་ཡོད།
སྐད་བརྡ་སྣ་མང་ནག་བསུབ་གཏོང་ཉེན་ཡོད་པ།
ཨི་ཊ་ལི་གྲོས་ཚོཊ་གོང་མའི་འཐུས་མི་དང་ཕྱི་སྲིད་བློན་ཆེན་ཟུར་པ་གྷིའུ་ལིའོ་ཊེར་ཛི་ལགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འདི་སྐད་བརྡ་ཡོངས་སུ་མཉམ་གནས་ཐུབ་པའི་ཆིག་སྒྲིལ་དང་འབྲེལ་བ་ཡོད་མ་རེད་གསུངས་ཡོད།
དེ་ཡང་ཁོང་གིས་གསུངས་དོན་དུ། ཁྲིམས་འདི་ནི་སྐད་བརྡ་ཡོངས་སུ་མཉམ་གནས་ཐུབ་པའི་ཆིག་སྒྲིལ་དང་འབྲེལ་བ་མེད་ཅིང་། དེ་ལས་ལྡོག་སྟེ་རྒྱལ་ཁབ་ཆིག་སྒྲིལ་ཞེས་པའི་མིང་ཐོག་ནས་བོད་མི་ཐེ་བའི་མི་རིཊ་རྣམས་ཁྲིམས་ཐོག་ནས་རིམ་པ་ཚང་མར་རྒྱ་སྐད་ཁོ་ན་སྤྱོད་དགོས་པ་བཀོད་ཡོད་ལ། བོད་མི་ཚོར་མཚོན་ན་སྤྱི་མཚུངས་ལྟར་བོད་སྐད་དང་བོད་མིའི་ངོ་བོ་ནག་བསུབ་གཏོང་རྒྱུ་ལས་བརྩི་བཀུར་བྱེད་ཀྱི་མེད། ཉེ་བའི་ལོ་ཤས་ནང་བཅའ་སྡོད་སློབ་གྲྭར་ལོ་ ༤ ནས་ ༡༨ བར་གྱི་བོད་ཕྲུག་ས་ཡ་ ༡ ཙམ་ཕ་མ་དང་ཁ་བྲལ་བཅུག་པ་དང་། གྲོང་གསེབ་ཁུལ་དུ་ས་གནས་དང་སྒེར་གྱི་སློབ་གྲྭ་སྒོ་བརྒྱབ་སྟེ་ནང་མི་ཚོར་གདམ་ཁ་གཞན་མེད་པར་བཟོས་ཡོད་ཅེས་གསུངས་བྱུང་།
གྲངས་ཉུང་མི་རིཊ་གསོན་གནས་ཐུབ་བམ།
ཨི་ཊ་ལི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོགས་གཞོན་ཨིལཱནྱི་མ་ལ་ཝ་སི་ཡིས་རྒྱ་ནག་གི་ཁྲིམས་གསར་འོག་གྲངས་ཉུང་མི་རིཊ་གསོན་གནས་ཐུབ་མིན་གྱི་ཉེན་ཁ་ཡོད་པ་གསུངས་འདུག དེ་ཡང་ཁོང་གིས་བརྙན་ཐུང་གནང་སོན་བྱུང་པའི་ནང་། ཁྲིམས་འདི་ལག་བསྟར་བྱས་པ་ནི་བོད་ཀྱི་རྒྱལ་རབས་དང་གནའ་སྲོལ། རང་སྐྱོང་བཅས་ལ་རྒོལ་རྡུང་མཚོན་ཅིང་། གྲངས་ཉུང་མི་རིཊ་ཀྱི་གནད་དོན་ཁོ་ན་མིན་པར་དེ་དག་གསོན་གནས་ཐུབ་མིན་གྱི་གནད་དོན་ཞིག་ཡིན། དེ་ཡང་འགྲོ་བ་མིའི་རྩ་ཆེའི་གནའ་སྲོལ་དང་། རིག་གཞུང་། བཟང་སྤྱོད། ལོ་རྒྱུས་ལ་ཐུག་ཡོད། ངས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་འདི་མེད་པར་བཟོ་བའི་རེ་བ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་བོད་དང་བོད་མི་རིགས་ཀྱིས་ཆིག་སྒྲིལ་དང་། འཚེ་མེད་ཞི་བ། ཞི་བདེ། གུས་བརྩི་སོགས་རིན་ཐང་ཅན་གྱི་ཁྱད་ཆོས་ལ་ཞབས་འདེགས་བསྒྲུབས་ཡོད། འདི་དག་ནི་ད་ཆ་ཆེས་དགོས་མཁོར་གྱུར་བའི་ཐུན་མོང་གི་རྩ་ཆེའི་རིག་གནས་ཀྱི་རྩིག་རྨང་ཞིག་ཡིན་ཞེས་གསུངས་འདུག
བོད་ཀྱི་རང་སྐྱོང་ཞན་དུ་གཏོང་བར་ཁ་གཡར་ས་ཆཊ་ཉེན།
ཨི་ཊ་ལི་གྲོས་ཚོཊ་གོང་མའི་བོད་དོན་ཚོགས་པའི་ཚོགས་གཙོས་རྒྱ་ནག་གི་ཁྲིམས་ཡིག་དེ་ནི། བོད་ཀྱི་རང་སྐྱོང་ཞན་དུ་གཏོང་བའམ་ཡང་ན་ཁས་མི་ལེན་པའི་ཁ་གཡར་ས་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། དེ་ཡང་ཁོང་གིས་གསུངས་དོན་དུ། ངས་འགྲོ་བ་མིའི་ཆེ་མཐོང་དང་། ཆོས་ལུགས་ཀྱི་རང་དབང་། གཞི་རྩའི་ཐོབ་ཐང་བཅས་ལ་སྲུང་སྐྱོབ་དང་བརྩི་བཀུར་ཡོང་བར་བྱ་རྒྱུའི་ཐད་བསྐྱར་དུ་ཁས་ལེན་བྱེད་ཀྱི་ཡོད། ངས་མི་རིགས་ཚང་མའི་རིག་གནས་ཀྱི་ཕྱུག་པོ་དེ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། གྲོས་མོལ་གྱི་ཐབས་ལམ་དེ་ད་ལྟ་ཚོད་ལྟ་བྱེད་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་སླར་གསོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ཐག་གཅོད་ཀྱིས་ཉེན་ཁ་ཚབས་ཆེན་བཟོ་བཞིན་པའི་གཞི་རྩའི་རང་དབང་སྲུང་སྐྱོབ་བྱེད་པར་དགོས་ངེས་ཤིག་རེད། སེམས་འཚབ་འདི་བོད་དོན་གཅིག་པུ་ཙམ་མ་རེད། འོན་ཀྱང་ངས་དམིགས་བསལ་བོདཀྱི་སྐོར་ལ་ཞུ་འདོད་བྱུང་། དེ་ནི་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་མི་རིགས་ལ་དྲང་བདེན་མིན་པའི་བྱ་སྤྱོད་མང་པོ་འཕྲད་པའི་རྐྱེན་གྱིས་ཡིན། དེ་ཡང་མི་རིགས་མཐུན་སྒྲིལ་ཟེར་བའི་མིང་ཐོག་ནས་དྲང་བདེན་མིན་པའི་བྱ་སྤྱོད་དེ་དག་རྒྱུན་དུ་རྒྱ་ནག་གཞུང་གི་བདེན་དཔང་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་ཐོག་འདི་ནི་བོད་ཀྱི་རང་སྐྱོང་ཞན་དུ་གཏོང་བའམ་ཡང་ན་ཁས་མི་ལེན་པའི་ཁ་གཡར་ས་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག
བོད་མིའི་ངོ་བོར་ཉེན་ཁ།
ཨི་ཊ་ལི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་རོ་བྷརཊི་རམ་པི་ལགས་ཀྱིས་རྒྱའི་ཁྲིམས་གསར་འོག་བོད་མིའི་ངོ་བོར་ཉེན་ཁ་ཡོད་པ་བརྙན་ཐུང་གནང་སོན་བྱུང་པའི་ནང་བརྗོད་འདུག
དེ་ཡང་ཁོང་གིས་གསུངས་དོན་དུ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་འདི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ལག་བསྟར་བྱ་རྒྱུ་ཡིན་པར་སེམས་ཁྲལ་ཆེན་པོ་ཡོད། མི་རིགས་དང་སྐད་ཡིག རིག་གཞུང་སྣ་མང་ཅན་ནི་རྒྱལ་ཁབ་གང་ཞིག་གི་སྟོབས་ཤུགས་ཤིག་ཡིན། རྒྱ་ནག་ནི་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ཆ་ནས་གྲངས་ཉུང་མི་རིགས་སྣ་མང་དེ་ཞན་ཆ་ཞིག་ཏུ་མི་བལྟ་བར་སྐད་ཡིག་གི་རང་དབང་དང་སྣ་མང་རིང་ལུགས་ལ་སྐུལ་འདེད་གཏོང་དགོས་ཤིང་། བོད་མིའི་གནའ་བོའི་རིག་གཞུང་སོགས་སྲུང་སྐྱོབ་བྱེད་པར་དམིགས་བསལ་དོ་སྣང་བྱ་དགོས་ཞེས་གསུངས་བྱུང་།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ་དང་། བཀྲ་དབང་།
