ཨ་རིའི་གྲོས་ཚོཊ་གོང་མའི་འཐུས་མི་ལིནཌི་སེ་གྷརམ་དགུང་གྲངས་ ༧༡ ཐོག་དགོངས་པ་རྫོགས་འདུག

བོད་མི་ཚོས་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་བ་རྣལ་མ་ཞིག་ཡིན་པར་རྗེས་དྲན་ཞུ་བཞིན་འདུག

ཨ་རིའི་གྲོས་ཚོཊ་གོང་མའི་འཐུས་མི་ལིནཌི་སེ་གྷརམ་དགུང་གྲངས་ ༧༡ ཐོག་དགོངས་པ་རྫོགས་པར་བོད་མི་ཚོས་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་བ་རྣལ་མ་ཞིག་ཡིན་པར་རྗེས་དྲན་ཞུ་བཞིན་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནཌི་སེ་གྷརམ་ལགས་ཀྱིས་འགྱུར་མེད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཙན་བྱོལ་བོད་མི་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་ཞུ་བཞིན་འདུག

བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ (Lindsey Graham) ལིནཌི་སེ་གྷརམ་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་མྱ་ངན་ཞུས་ཤིང་། ཁོང་ལྟ་བུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་གང་མང་ཡོང་པའི་རེ་སྐུལ་ཞུ་ཡི་འདུག

དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་དང་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བློ་བཟང་ལགས་ཀྱིས། དམ་པ་ཁོང་འདས་གྲོངས་སུ་གྱུར་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མྱ་ངན་ཞུ་བཞིན་དུ་དམ་པ་ཁོང་ལྟ་བུ་མ་འོངས་ཨ་རིའི་གྲོས་ཚོགས་འཐུས་མི་མང་དག་ཅིག་ཡོང་པའི་ཐོག་བོད་དོན་ཐོག་རྒྱབ་སྐྱོར་གནང་པའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། དམ་པ་ཁོང་གི་སྐུ་ཟླར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཕུལ་བའི་ཐུགས་གསོའི་ཕྱག་བྲིས་གནང་པའི་ནང་། ཉེ་ལམ་སྲིད་སྐྱོང་མཆོག་གིས་དམ་པ་ཁོང་དང་མཇལ་འཕྲད་གནང་སྐབས། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་པ་དེས་ཁོང་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་མེད་སྐོར་གསུངས་ཡོད་པ་དེ་ཕྱིར་དྲན་གནང་ཞིང་། ཨ་རིའི་གྲོས་ཚོགས་ནང་དུས་རྟག་ཏུ་བོད་དོན་ཐོག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་བ་དང་མཉམ། ཁོང་གི་ལས་ཁུངས་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་ཆེད་རོགས་དངུལ་བརྟན་པོ་ཐོབ་པར་ལམ་སྟོན་ཇི་སྙེད་ཅིག་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་དང་། དུས་རྟག་ཏུ་གུས་བརྩི་ལྡན་པའི་ཐོག་ནས་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཨ་རིའི་གྲོས་ཚོཊ་གོང་མའི་འཐུས་མི་ལིནཌི་སེ་གྷརམ་དགུང་གྲངས་ ༧༡ ཐོག་དགོངས་པ་རྫོགས་འདུག ལིནཌི་སེ་གྷརམ་ལགས་ཀྱིས་འགྱུར་མེད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཙན་བྱོལ་བོད་མི་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་ཞུ་བཞིན་འདུག

སྤྱི་མཐུན་ཚོགས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནཌ་སེ་གྷརམ་ (Lindsey O. Graham) ལགས་ཀྱིས། ཉེ་ལམ་དམངས་གཙོ་ཚོཊ་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཤེལ་ཌོན་ཝཡེཊ་ཧའོསི་ (Sheldon Whitehouse) ལགས་དང་མཉམ་ཨ་མ་རི་ཀའི་རྒྱལ་སར་གནས་འཁོད་རྒྱ་ནག་གཞུང་ཚབ་ཁང་ལ་ཕྱག་བྲིས་ཤིག་གནང་སྟེ། ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་ཡིག་དེར་ངོ་རྒོལ་སྐྱོན་བརྗོད་བྱེད་པར་མོས་མཐུན་གྱིས། རྒྱ་ནག་གཞུང་ངོས་ནས་ཁྲིམས་དེ་ཕྱིར་འཐེན་བྱ་དགོས་པ་དང་ཡང་ན་དེར་བསྐྱར་བཅོས་དགོས་པའི་སྐུལ་མ་གནང་ཡོད་པ་རེད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེ་ནི་བོད་མི་རིགས་དང་། ཡུ་གུར་བ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་པའི་གནོད་ཚབས་ཅན་གྱི་ཁྲིམས་ལུགས་ཤིག་རེད་འདུག་པས། ང་ཚོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁྲིམས་ཡིག་དེས། ཨ་རིའི་ས་ཐོག་ཏུ་གནས་པའི་མི་སྒེར་དང་བྱིས་པའི་ཐོབ་ཐང་། ཆོས་དད་རང་དབང་སོགས་ལ་རྡོག་རོལ་གཏོང་ཚེ་དེར་གདོང་ལེན་གྱིས་ཐེར་འདོན་བྱེད་མཚམས་འཇོག་རྒྱུ་མིན་ཞེས་བཀོད་ཡོད་པ་རེད།

གཞན་ཡང་ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ Tibet Policy and Support Act 2020 དང་། ༢༠༢༤ ལོར་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག Resolve Tibet Act བཅས་ལ་ཡང་རྒྱབ་སྐྱོར་གནང་ཡོད་པ་རེད་ལ། ཁོང་གིས་དེ་སྔ་འཛམ་གླིང་ས་ཕྱོགས་གང་སར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་ཕྱིན་སྐབས། (Lindsey Graham) ལགས་གཙོས་པའི་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་མི་ཉུང་བ་ཞིག་གིས་ཐུན་མོང་གི་ཐོག ཏོག་དབྱིབས་ནད་ཡམས་ཀྱི་འགན་འཁུར་ (The COVID-19 Accountability Act) ཞེས་པའི་ཁྲིམས་འཆར་བཏོན་ཡོད་པ་དང་། ཁྲིམས་འཆར་དེའི་ནང་གལ་སྲིད་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྒྱུད་རིམ་ཁ་གསལ་འགྲེལ་བཤད་མ་རྒྱབ་ཚེ། སྲིད་འཛིན་ལ་དབང་ཚད་ཕུལ་ནས་རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུ་ཡིན་པ་བཀོད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནཌི་སེ་གྷརམ་ (Lindsey O. Graham) ལགས་ནི་ཨ་རིའི་སྤྱི་མཐུན་གཞུང་འཛིན་ཆབ་སྲིད་ཚོགས་པའི་འགོ་ཁྲིད་གལ་ཆེན་ཞིག་ཡིན་ཏེ། ཁོང་ནི་ཕྱི་ལོ་ ༢༠༠༣ ནས་བཟུང་ལྷོ་ཀེ་རོ་ལི་ནའི་ (South Carolina) ཐོབ་ཁུངས་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བགྲེས་པ་ཞིག་ཡིན་པ་རེད་ལ། ཕྱི་ལོ་ ༡༩༩༥ ནས་ ༢༠༠༣ བར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཡང་གནང་མྱོང་ཡོད་པ་རེད་འདུག ཁོང་གིས་དེ་སྔ་ཨ་རིའི་རྒྱལ་སྲུང་དང་ཕྱི་འབྲེལ་སྲིད་བྱུས། ཁྲིམས་ལུགས་བཅས་ཀྱི་ལས་དོན་གཉེར་བར་བརྟེན་ནས་ཨ་རིའི་ཆབ་སྲིད་མི་སྣ་ཤུགས་རྐྱེན་ལྡན་པ་ཞིག་ཡིན་པ་རེད། ཁོང་ཟླ་ ༧ ཚེས་ ༡༡ ཉིན་དགུང་ལོ་ ༧༡ སྟེང་སྙུན་གཞི་རྐྱེན་པས་དགོངས་པ་རྫོཊ་འདུག་ཅིང་། ཁོང་འདས་གྲོངས་སུ་གྱུར་བ་དང་གནད་ཡོད་མི་སྣ་མང་དག་ཅིག་གིས་མྱ་ངན་ཞུ་བཞིན་ཡོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནཌི་སེ་གྷརམ་ལགས་ཀྱི་ཤུལ་ལུས་ནང་མིའི་ཁྲོད་སྤུན་མཆེད་ Darline Graham Nordone ལགས་འཚོ་བཞུགས་ཡོད་པ་རེད།།