༧གོང་ས་མཆོག་གི་སྐུའི་ཡང་སྲིད་བསྐོ་ཕྱོགས།
2019.07.16
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་རྒྱ་ནག་གཞུང་གིས་འདེམས་རྒྱུ་ཡིན་པ་བརྗོད་པའི་གཏམ་བཤད་དེ་ནི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཕྱི་ལོ་༢༠༠༧ལོར་བཀའ་རྩ་གསལ་བསྒྲགས་བྱས་པ་དེ་བསྐྱར་དུ་གསལ་སྟོན་བྱེད་བཞིན་པ་ཞིག་དང་། རྒྱ་ནག་གིས་ཡང་སྲིད་བསྐོ་ཕྱོགས་ཀྱི་ཐད་ཐེ་གཏོགས་བྱས་པ་ཡིན་ན། ཨ་མེ་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་བཅས་ནས་དང་ལེན་ཞུ་རྒྱུ་མིན་པ་གསལ་པོ་བཟོས་ཡོད་པ་། བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུངས་བའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་བློ་བཟང་ཡེ་ཤེས།