སྟོབས་ཆེན་རྒྱལ་ཁབ་༢༠ཚོགས་ཆེན།

2023.09.18
སྟོབས་ཆེན་རྒྱལ་ཁབ་༢༠ཚོགས་ཆེན།
ཨེ་ཨེཕ་པི།

ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལིར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཕྱི་ལོ་ ༢༠༢༣ ལོའི་ཚོགས་ཆེན་འདིའི་ཐོག་འཛམ་གླིང་གི་འགོ་ཁྲིད་ཤུགས་རྐྱེན་ལྡན་པ་ཕལ་ཆེར་འདུ་འཛོམས་གནང་ཡོད་ཅིང་།  ཚོགས་འདུའི་ཐོག་གོ་ལའི་ཚོད་དོན་གྱི་གནད་དོན་ཁག་ལམ་ལུགས་དང་ལྡན་པ་ཞིག་འཛུགས་སྐྲུན་བྱེད་པའི་ཐད་གྲོས་བསྡུར་གནང་ཡོད་པ་རེད།  འོན་ཀྱང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྭ་ཤི་ཡའི་སྲིད་འཛིན་ཝིལདྷིམིར་པུཊིན་གཉིས་གཡོལ་ཏེ་ཕེབས་མེད་པ་རེད།  བདུན་རེའི་དཔྱད་བརྗོད་ཀྱི་གླེང་སྟེགས་ལས་རིམ་འདིའི་ནང་།  ཚོགས་ཆེན་འདིའི་མཇུག་འབྲས་དང་ཞི་ཅིན་ཕིང་གི་ཚོགས་བཅར་མ་ཞུས་པ་བཅས་ཀྱི་ཐད་བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་བརྗོད་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎