བོད་དོན་སེལ་ཐབས་སུ་རྒྱ་གཞུང་ལ་ནན་སྐུལ།

2013-12-12
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གཞུང་ཚབ་ཆེན་མོ་གེ་རི་ལོཀ་ལགས།
ཨ་རིའི་གཞུང་ཚབ་ཆེན་མོ་གེ་རི་ལོཀ་ལགས།
ཕལི་ཀར།

༄༅།    །རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་གེ་རི་ལོཀ་ (Gary Locke) ལགས་ཀྱིས་རྒྱ་ནག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ། ཡང་ན་གང་ཉིད་ཀྱི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་སྟེ། བོད་ཀྱི་གནད་དོན་སེལ་ཐབས་གནང་དགོས་པའི་ནན་སྐུལ་གནང་འདུག དེའི་སྐོར་ང་ཚོའི་གསར་འགོད་པ་ཚེ་དབང་དངོས་གྲུབ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གནང་བར་གསན་རོགས་གནང་།

>>>ཡིག་ཐོག་གསར་འགྱུར།

རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་Gary Locke ལགས་ཀྱིས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་སྟེ་བོད་ཀྱི་གནད་དོན་སེལ་ཐབས་གནང་དགོས་པའི་ནན་སྐུལ་ཞུས་འདུག དེ་ཡང་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་Gary Locke ལགས་ཀྱིས་ཁོང་ཉིད་རྒྱ་ནག་ནང་བཞུགས་མཁན་ཨ་རིའི་གཞུང་ཚབ་པ་ཞིག་ཡིན་པའི་ཆ་ནས་རྒྱ་ནག་ནང་མི་རིགས་འདྲ་མིན་དང་། མི་རིགས་དེ་དག་ལ་རིག་གཞུང་ཕྱུག་པོ་ཞིག་ཡོད་ཀྱང་རྒྱ་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་དང་། བོད་རིགས། དེ་བཞིན་སོག་པོའི་མི་རིགས་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་ གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་རྩིས་མེད་རྡོག་རོལ་བཏང་སྟེ་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་པའི་སྲིད་ཇུས་འཛིན་ཀྱི་ཡོད་པ་དང་། སྲིད་ཇུས་དེ་ཚོས་སྤྱི་ཚོགས་ཀྱི་ཆིག་སྒྲིལ་ལ་གནོད་སྐྱོན་བཟོ་གིན་ཡོད་ལུགས་གསུང་འདུག དེ་བཞིན་སྐུ་ཞབས་Gary Locke ལགས་ཀྱིས་རྒྱ་ནག་གཞུང་གིས་དབྱེ་འབྱེད་མེད་པར་རང་གི་མི་སེར་ཚང་མའི་གཞི་རྩའི་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་ཨ་རིའི་གཞུང་གིས་ཞུ་བཞིན་ཡོད་ལ་དེ་བཞིན་བོད་ཀྱི་གནད་དོན་སེལ་ཐབས་དང་། བོད་ཀྱི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་སླད་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་རེ་འདུན་ཞུ་གིན་ཡོད་ཅེས་གསུང་འདུག ཡང་ཉེ་ཆར་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བ་མེད་པ་བཟོ་རྒྱུ་དང་། ཁྲིམས་ཀྱི་དབང་འཛིན་ནན་ཏུ་གཏོང་རྒྱུའི་ཐག་གཅོད་གནང་བ་དེར་བསྔགས་བརྗོད་ཞུས་ཐོག་རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་རང་གི་མི་སེར་རྣམས་ལ་དོན་སྙིང་ལྡན་པའི་གཞི་རྩའི་རང་དབང་གང་མྱུར་མཁོ་སྤྲོད་གནང་བའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

 

མཆན། (0)
Share
དྲ་གནས་ཆ་ཚང༌།