ཝེ་ཡེ་ན་གྲོང་སྡེ་ལྷན་ཚོགས་ནང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་འདུག

2023.11.30
ཝེ་ཡེ་ན་གྲོང་སྡེ་ལྷན་ཚོགས།

ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ ཡོ་རོབ་ཨའོསི་ཊརི་ཡ་ Austria གྲོང་ཁྱེར། ཝེ་ཡེ་ན་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ལྕམ་ Dolores Bakos (NEOS) ནས་འགན་འཁུར་ཁྲིད་སྟོན་བྱས་ཏེ་རྒྱ་ནག་གཞུང་གིས་འོག་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ། བོད་མིའི་ངོ་བོ་རྩ་བརླག་གཏོང་ཆེད་དུ་དམིགས་པར་ངོས་འཛིན་བྱེད་བཞིན་པ་གཏན་འཇགས་སློབ་གྲྭ་ཁག་བཙུགས་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བསྣམས་ཕེབས་པར་ Vienna གྲོང་སྡེ་ལྷན་ཚོགས་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་འདུག ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་བདེ་བར་འཁོད་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎