ཧང་ག་རི་ལ་ཞབས་སོར་འཁོད།

༸གོང་ས་མཆོག་ཧང་ག་རིའི་རྒྱལ་ས་རུ་ཞབས་སོར་འཁོད་སྐབས་དད་ལྡན་མི་མང་ནས་ཕེབས་བསུ་ཟབ་རྒྱས་ཞུས་པ།

2010-09-18
Share
ཧང་ག་རིའི་རྒྱལ་ས་སྦུ་རྡ་པིས་ཊའི་གྲོང་ཁྱེར་སྤྱི་ཁྱབ་རྒ་རྦོར་ ཌིམ་སིཀི་དང་དད་ལྡན་མི་མང་རྣམས་ཀྱིས་ཕེབས་བསུ་ཞུ་བཞིན་པ།
ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ།

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་དགུ་པའི་ཚེས་བཅུ་བདུན་གྱི་ཉིན། ཧང་ག་རི་ནང་པའི་ལྷན་ཚོགས་དང་ཧང་ག་རི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧང་ག་རིའི་རྒྱལ་ས་སྦུ་རྡ་པེས་ཊ་ལ་ཞབས་སོར་འཁོད་གནང་སྐབསནང་ཆོས་ཉམས་ལེན་གནང་མཁན་ཧང་ག་རི་མི་མང་དང་སོག་པོ་བོད་རིགས་རྒྱལ་ཁབ་ཁག་ནས་ཕེབས་པའི་མི་རིགས་འདྲ་མིན་རྣམས་ནས་སོ་སོའི་ཁྱད་ཆོས་སྟོན་པ་དང༌། ལྷག་པར་དུ་སོག་པོའི་དད་ལྡན་པ་རྣམས་ཀྱིས་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།