བརྟན་བཞུགས་བསྟར་འབུལ་དང་གཞུང་ཞབས་ཀྱི་ཉམས་མྱོང་།

2024.06.13
བརྟན་བཞུགས་བསྟར་འབུལ་དང་གཞུང་ཞབས་ཀྱི་ཉམས་མྱོང་། ཟླ་༦ཚེས་༡༡ཉིན་བརྟན་བཞུགས་བསྟར་འབུལ་ཞུ་སྐབས།
དགའ་ལྡན་ཕོ་བྲང་ཡིག་ཚང་།

ད་རིང་གི་གཏམ་གླེང་ལེ་ཚན་ནང་གཞུང་ཞབས་ཟུར་པ་དང་སྨན་རྩིས་ཁང་།   སྐུ་སྲུང་ཟུར་པ་བཅས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་།   ༧གོང་ས་མཆོག་ནས་ང་ཚོ་གསོན་པའི་རིང་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གང་ཐུབ་ངང་ལག་ལེན་འཁྱོལ་ཐུབ་པ་དགོས་པའི་བཀའ་སློབ་གནང་ཡོད་ལ།   དེ་བཞིན་གཞུང་ཞབས་ཟུར་པ་ཁག་ཅིག་གིས་འདས་པའི་དུས་ཚོད་ནང་གི་ཉམས་མྱོང་ངོ་སྤྲོད་གནང་པ་སོགས་ཀྱི་སྐོར་ཞིབ་ཕྲ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།   

གསར་འགོད་པ། སྒྲོལ་དཀར།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་ཁྲིམས་ཁང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་ལ་ནག་ཉེས་ཡོད་པ་བསྒྲགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎