ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་བོད་དོན།
2019.12.13
༄༅།། ཐེངས་འདིའི་གངས་ལྗོངས་གླེང་རྟགས་ནང་དུ། ༧སྤྱི་ནོར ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ ༣༠ འཁོར་བའི་སྐབས་དང་བསྟུན་ནས། ༧སྤྱི་ནོར ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ཚུད་ཐབས་སུ་སྔོན་འགྲོའི་ལས་དོན་ཇི་ལྟར་སྒྲུབ་ཚིལ་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས ༧གོང་ས་མཆོག་ལ་ཕུལ་བ་དེས་གཞི་རྩའི་བོད་དོན་ལ་ཕན་པ་དང་ནུས་པ་ཅི་ཞིག་ཐོན་པ་དང་། བོད་མིའི་ཆེ་མཐོང་ལ་ཕན་ནུས་ཅི་ཞིག་ཐེབས་པ། དེ་བཞིན་བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་རྒྱུར་ནུས་ཤུགས་ཅི་ཞིག་ཐོན་པ་ལ་སོགས་པའི་ཐད་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ཟུར་པ་བཀའ་བློན་ཁྲི་ཟུར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལྷན་དུ་གླེང་མོལ་ཞུས་པ་གསན་རོགས་གནང་།