རྡ་ས་བོད་ཀྱི་སྨན་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་བཀྲ་ཤིས་ལགས།
2022.03.21

རྡ་ས་སྨ་རྩིས་ཁང་།
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། རྡ་ས་བོད་ཀྱི་སྨན་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་བཀྲིས་ལགས་ཀྱིས་ལོ་བཅུའི་་རིང་། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་སྨན་རྩིས་ཁང་གི་ལས་དོན་ཡར་རྒྱས་དང་ལྷག་དོན་བོད་ཀྱི་གསོ་བ་རིག་པའི་ཡན་ལག་སྨན་ཁང་ཕྱིའི་རྒྱལ་ཁབ་ཁག་ཅིག་ནང་བཙུགས་གནང་བ་སོགས་། གསར་གཏོད་ཀྱི་ཕྱག་ལས་དང་བོད་སྨན་དར་འཕེལ་གྱི་ཆེད་དུ་ལས་གཞི་མང་པོ་ཞིག་བསྒྲུབས་ཡོད་པའི་ཁར་། ཉོ་ཧོང་དང་འབྲུག་ཡུལ་གཉིས་དང་སྨན་རྩིས་ཁང་ཕན་ཚུན་གསོ་བ་རིག་པའི་ཐོག་ནས་འབྲེལ་བ་ཡག་པོ་བཙུགས་ཐུབ་པ་སོགས་ཀྱི་སྐོར་ཚེ་རིང་བཀྲིས་ལགས་ཀྱིས་ངོ་སྤྲོད་གནང་བ་ནས་གཡུ་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།