ཡོ་རོབ་ནང་བོད་དོན་ཞུ་གཏུག་དང་གཞོན་སྐྱེས་ཀྱི་འཆར་སྣང་།

2023.11.14
ཡོ་རོབ་ནང་བོད་དོན་ཞུ་གཏུག་དང་གཞོན་སྐྱེས་ཀྱི་འཆར་སྣང་།
Photo: RFA

བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༡༡ ཚེས་ ༡༣ ནས་ཉིན་གསུམ་རིང་རྒྱ་གར་ནང་གི་བོད་དོན་ཞུ་གཏུག་གི་ཐབས་བྱུས་དང་སྦྱོང་བརྡར་ལས་རིམ་ཞིག་སྐོང་ཚོགས་གནང་པ་དང་།  ཡོ་རོབ་ས་གནས་སུ་བོད་དོན་ཞུ་གཏུག་གི་དྭང་བླངས་ཞབས་ཞུ་བའི་ཐབས་བྱུས་ཚོགས་འདུ་དང་སྦྱོང་བརྡར་ལས་རིམ་ཞིག་ཕྱི་ཟླ་ ༡༡ ཚེས་ ༣ ནས་ ༥ བར་ཡོ་རོབ་ཡུལ་གྲུ་འཇར་མ་ནི་ནང་ཟུར་དུ་ཚོགས་ཏེ་ཡུལ་ལུང་ ༩ ནས་བོད་མི་གཞོན་སྐྱེས་མི་གྲངས་ ༤༥ ཙམ་ཞིག་གིས་མཉམ་ཞུགས་གནང་པ་མ་ཟད།  ཡོ་རོབ་ས་ཁག་སོ་སོའི་ལས་འཆར་གོ་སྒྲིག་གནང་པ་ཁག་སྙན་འབུལ་ཞུས་གནང་ཡོད་འདུག ཡོ་རོབ་ཀྱི་ཚོགས་འདུ་འདིར་མཉམ་ཞུགས་པ་གཞོན་སྐྱེས་ཚོར་བཀའ་དྲི་ཞུས་པར། ཚོགས་འདུ་འདི་རིགས་མང་ཙམ་དང་དུས་ཡུན་རིང་ཙམ་ཚོགས་དགོས་པའི་དགོངས་ཚུལ་གསུང་མཁན་བྱུང་ལ། གཞོན་སྐྱེས་ཕན་ཚུན་དབར་ལ་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་བྱེད་ཀྱི་མེད་པ་འདི་དམིགས་བསལ་དོ་སྣང་འབུར་འདོན་བྱ་རྒྱུ་ཞིག་བྱུང་པ་འགྲེལ་བརྗོད་གནང་བྱུང་། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཡོ་རོབ་སྦེལ་འཇིཡམ་ནས་བསྟན་འཛིན་དཔལ་སྒྲོན་ལགས་དང་། པོ་ལེནཌི་ནས་བསྟན་འཛིན་དཔལ་སྒྲོན་ལགས། ཡོ་རོབ་ཨའོསི་ཊརི་ཡ་ནས་ཐུབ་བསྟན་ཚེ་དབང་ལགས་དང་། ལྷ་ས་བ་ཟླ་འོད་ལགས་བཅས་བཞི་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎