རྒྱ་ནག་གལ་ཁྲིམས་ལུགས་དབང་འཛིན་གྱི་རང་དབང་དགོས།


2013.10.30
རྒྱ་ནག་ནང་ཁུལ་གྱི་མི་དམངས་ཁྲིམས་ཁང་ཞིག། རྒྱ་ནག་གལ་ཁྲིམས་ལུགས་དབང་འཛིན་གྱི་རང་དབང་དགོས།
པར། AFP

རྒྱ་ནག་ནང་ཁྲིམས་ཁང་གིས་གནས་ཚུལ་ཐག་གཅོད་བྱེད་པའི་སྐབས་ཁྲིམས་ཁང་དུ་ཐག་གཅོད་བྱ་ཆོག་པའི་ཁྲིམས་ལུགས་དབང་འཛིན་གྱི་རང་དབང་དགོས་པ་ལས་དམར་ཤོག་ཚོགས་པ་དང་། དེའི་དཔོན་རིགས་ཚོས་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་སྐོར་གྱི་བསྒྱུར་བཅོས་ཡིག་ཆ་ཞིག་ཆེས་མཐོའི་ཁྲིམས་ཁང་གིས་གཞུང་འབྲེལ་གྱི་དྲ་རྒྱའི་ཐོག་སྤེལ་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཁང་གི་ཀྱི་ཡིག་ཆ་དེ་ནི། རིང་མིན་ཕྱི་ཟླ་༡༡་པའི་ནང་རྒྱ་ནག་གཞུང་འཛིན་གུང་ཁྲན་ཏང་གི་ཚང་འཛོམས་ཚོགས་འདུ་གསུམ་པ་ཚོགས་ལ་ཉེ་བར་ཡོད་པའི་སྐབས་དེར་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། གུང་ཁྲན་ཏང་གི་ཚོགས་འདུ་དེ་ནི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་སྲིད་འཛིན་Xi Jingpin གཙོས་དཔོན་རིགས་གསར་པས་སྲིད་དབང་བཟུང་བའི་རྗེས་གཞུང་འཛིན་གུང་ཁྲན་ཏང་གི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དེ་ཡིན་ཞིང། གུང་ཁྲན་ཏང་གི་དཔོན་རིགས་ངོས་ནས་མཚོན་ན། ཚོགས་འདུ་ཐེངས་གསུམ་པ་དེ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།   ད་དུང་ད་རེས་ཁྲིམས་ཁང་གི་ཡིག་ཆ་བཏོན་པ་དང་སྟབས་འཁེལ་བའི་གནས་ཚུལ་གཞན་ཞིག་ཐོན་ཡོད་པ་ནི། རྒྱ་ནག་གུང་ཁྲན་ཏང་གིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་ཁ་གཏད་གདོང་ལེན་དང་། གཙང་སེལ་བྱེད་མཁན་གྱི་ལས་ཁུངས་མ་ལག་ཞིག་གསར་འཛུགས་བྱས་ཏེ་ལས་ཁང་དེའི་ཐོག་ནས་རྒྱ་ནག་གི་ཆེས་མཐོའི་དམག་དཔོན་ཚོས་རང་རང་གི་ལས་འགན་ཏག་ཏག་འཁུར་གྱི་ཡོད་མེད་དང་། ལས་དོན་ཚགས་ཚུད་བྱེད་ཀྱི་ཡོད་མེད་ཀྱི་ལྟ་ཞིབ་བྱ་རྒྱུའི་ལས་འགན་སྤྲོད་རྒྱུའི་འཆར་གཞི་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ལམ་ལ་སྤེལ་ཡོད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎