བོད་དོན་ལས་འགུལ་ཤུགས་ཆེ་རུ་གཏོང་འཆར།


2013.12.09
རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་ཁག་གིས་ལས་འགུལ་སྤེལ་ཡུལགྱི་རྣམ་པ། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་
པར། བོད་མིའི་སྒྲིག་འཛུགས།

རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་ཁག་གིས་བོད་ཀྱི་གནས་སྟངས་ལ་ཐུགས་འཚབ་དང་། རྒྱ་ནག་གིས་སྲིད་ཇུས་སྤེལ་སྟངས་ལ་སྐྱོན་བརྗོད་བྱས་འདུག

དེ་ཡང་རྒྱ་གར་གྱི་རྩ་ཁྲིམས་ཐོག་མའི་འཆར་བཀོད་པ་གཙོ་བོ་་Dr B.R. Ambedkar མཆོག་སྐུ་གྲོངས་ནས་ལོ་ངོ་་༥༧་འཁོར་བའི་དུས་ཚིགས་དང་བསྟུན། རྒྱ་གར་གྱི་་Wardhaས་གནས་སུ་ཡོད་པའི་བོད་དོན་ཆེད་ལས་འགུལ་ཚོགས་པ་དང་། རྒྱལ་ས་ལྡི་ལིར་གནས་པའི་བོད་ཀྱི་འབྲེལ་འཐུད་ལས་ཁང་གི་གོ་སྒྲིག་འོག། རྒྱ་གར་གྱི་གྲོང་ཁྱེར་གཙོ་བོ་མོན་བྷེ་རུ་རྒྱ་གར་གྱི་ས་གནས་མང་པོ་ནས་བོད་དོན་རྒྱོབ་སྐྱོར་བ་འདུ་འཛོམས་གནང་ནས། བོད་དོན་སྐོར་དྲིལ་བསྒྲགས་དང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་སྐབས་སྐུ་ཞབས་Dr, Ambedkar མཆོག་གིས་བོད་ཀྱི་གནད་དོན་སྐོར་བཀའ་གནང་བའི་གནད་དོན་དང་། ལྷག་དོན་ཁོང་གིས་ཕྱི་ལོ་༡༩༤༩་ལོར་རྒྱ་གར་གཞུང་གིས་རྒྱ་ནག་ངོས་འཛིན་བྱས་པའི་ཚབ་ཏུ་བོད་དེ་ངོས་འཛིན་གནང་ཡོད་ན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་ཡོང་གཞི་མེད་པའི་སྐོར་གསུངས་པའི་གསུང་གི་དུམ་བུ་ལས་འགུལ་སྤེལ་ཡུལ་གྱི་མཐོ་སར་བྲིས་བཀོད་གནང་ཡོད་པ་རེད་འདུག

ད་དུང་འདུ་འཛོམས་སུ་ཕེབས་པའི་བོད་དོན་རྒྱོབ་སྐྱོར་བ་Arvind Nikose གྱིས་རྒྱ་གར་གྱི་Maharashtra དང་། Madhya Pradesh ནང་དུ་རིམ་པས་བོད་དོན་རྒྱབ་སྐྱོར་རྨང་གཞིའི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་ཡང་ངོ་སྤྲོད་གནང་ཡོད་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎