ཤིན་ཅང་ལ་ཟིང་འཁྲུག་བྱུང་ནས་མི་བཅུ་དྲུག་ཤི་འདུག


2013.12.16
༢༠༠༩ལོར་ཤིན་ཅང་ལ་ཟིང་འཁྲུག་བྱུང་སྐབས་ཀྱི་འདྲ་པར། ༢༠༠༩ལོར་ཤིན་ཅང་ལ་ཟིང་འཁྲུག་བྱུང་སྐབས་ཀྱི་དམ་དྲག་གི་རྣམ་པ།
པར། AFP

ཤིན་ཅང་གི་གྲོང་ཁྱེར་Kashgarཞེས་བའི་ཉེ་འཁྲིས་སུ་ཟིང་འཁྲུག་བྱུང་ནས་ཉུང་མཐར་ཡང་མི་གྲངས་༡༦གི་ཚེ་སྲོག་ཤོར་འདུག

དེ་ཡང་གནས་ཚུལ་ལྟར་ན། ཤིན་ཅང་ངམ་ཤར་ཏུར་ཀིསི་ཐན་གྱི་གྲོང་ཁྱེར་Kashgar ཞེས་བའི་ཉེ་འཁྲིས་སུ་ཁ་སང་ཟིང་འཁྲུག་བྱུང་ཡོད་པ་དང་། སྐབས་དེར་རྒྱ་ནག་ཉེན་རྟོག་པས་མེ་མདའ་རྒྱབ་ནས་མི་༡༤ བསད་པ་དང་།  དྲག་ཟིང་ནང་རྒྱ་མིའི་ཉེན་རྟོག་པ་གཉིས་ལ་སྲོག་སྐྱོན་བྱུང་ཡོད་འདུག རྒྱ་ནག་གིས་དེ་སྔོན་ལ་ཤར་ཏུར་ཀིསི་ཐན་ནང་དྲག་ཟིང་བྱུང་བ་དེ་ཚོ་

ཁ་ཆེ་དྲག་འཐབ་མཁན་གྱིས་བརྩམས་པའི་བྱ་སྤྱོད་ཡིན་པའི་སྐྱོན་འཛུགས་བྱས་ཡོད་ནའང༌། ཁ་སང་ཕྱི་དྲོ་བྱུང་བའི་དྲག་ཟིང་དེ་འཇིགས་སྐུལ་བའི་རུ་ཚོགས་ཤིག་གིས་ཉེན་རྟོག་པའི་ཐོག་འབར་རྫས་གཡུག་ནས་གཏོར་རྒོལ་བཏང་ཡོད་ལུགས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་Hua Chunyingཡིས་འགྲེལ་བརྗོད་བྱས་ཏེ་ཁ་ཆེ་དྲག་འཐབ་མཁན་ཞེས་ཐད་ཀར་སྐྱོན་འཛུགས་བྱས་མེད་པ་རེད།

ཡང་མགྲིན་ཚབ་མས་བདུན་རེའི་གསར་འགོད་ལྷན་ཚོགས་སར། ཁ་སང་གི་དོན་རྐྱེན་དེས་དྲག་རྩུབ་ཆེ་བའི་འཇིགས་སྐུལ་གྱི་རྣམ་པ་བསྐྱར་དུ་གསལ་བཏོན་བྱས་ཡོད་སྐོར་བརྗོད་པ་དང་། ཉེན་རྟོག་པས་Kashgar ཉེ་འཁྲིས་ཀྱི་གྲོང་གསེབ་ཅིག་ནང་དོགས་གཞི་ཅན་འཇུ་བཟུང་བྱེད་བར་བསྐྱོད་སྐབས་ལག་ཏུ་གྲི་འཁྱེར་བའི་མི་ཚོས་ཉེན་རྟོག་པའི་ཐོག་འབར་རྫས་གཡུག་ཡོད་པ་དང༌། དེར་ཉེན་རྟོག་པས་རྒོལ་ལན་སློག་པ་དང་། མི་གཉིས་འཇུ་བཟུང་ཐུབ་ཡོད་པ་ད་ལྟ་འདྲི་རྩད་འགོ་འཛུགས་བྱས་ཡོད་པ་བརྗོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་༧ཞབས་སོར་བདེ་བར་འཁོད་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎