ལྷ་སར་དམག་སྦྱོང་ཚུལ་གྱིས་བོད་མིར་འཇིཊ་སྐུལ་བྱས་འདུག


2014.03.14
རྒྱ་ནག་གིས་ལྷ་སར་དམག་སྦྱོང་ཚུལ་གྱིས་དྲག་ཤུགས་ངོམ་བཞིན་པ། ༢༠༡༤།༣།༡༣ རྒྱ་ནག་གིས་ལྷ་སར་དམག་སྦྱོང་ཚུལ་གྱིས་དྲག་ཤུགས་ངོམ་བཞིན་པ། ༢༠༡༤།༣།༡༣
པར། 163

ལྷ་སར་རྒྱ་ནག་གིས་དམ་དྲག་དང་གྲོང་ཁྱེར་ནང་དམག་སྦྱོང་ཚུལ་གྱིས་བོད་མི་ཚོར་འཇིགས་བྱེད་བཞིན་པ་རེད་འདུག
དེ་ཡང་སྤྱི་ལོ་༢༠༠༨ལོའི་ཟླ་གསུམ་པའི་ཚེས་༡༤ཉིན་ནི་རྒྱ་ནག་གིས་གསུམ་གཅིག་བཞིའི་དོན་རྐྱེན་ཞེས་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་ལ་མིང་འདོགས་བྱས་ནས་ད་བར་མི་ལོ་༦འཁོར་ཡོད་པའི་ཟླ་༣ཚེས༡༣ཉིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་ཚན་པ་དང་། བདེ་འཇགས་ཚན་པ། དྲག་ཆས་དམག་མི། མེ་གསོད་རུ་ཁག་བཅས་མཉམ་སུ་ལྷ་ས་གྲོང་ཁྱེར་གྱི་ཉེ་འཁོར་གང་སར་དྲག་ཆས་ཐོག་པ་དང་། དམག་སྦྱོང་བྱེད་བཞིན་པའི་འཇིགས་ཉམས་ཁག་རྒྱ་ནག་གི་༡༦༣དྲ་བར་འཁོད་ཡོད་པ་དང་། དེ་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་ཟླ༣ཚེས༩ཉིན་ཡང་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཉེན་རྟོག་ཁང་དང་། དྲག་ཆས་ཉེན་རྟོག་ཁང་གཉིས་མཉམ་འབྲེལ་གྱིས་དུས་ལྟར་བརྟན་བརླིང་སྲུང་སྐྱོབ་ཀྱི་སྦྱོང་བརྡར་དྲག་ཤུགས་ངོམ་ཡོད་པ་དང་མཉམ་བརྙན་འཕྲིན་ནང་བསྟན་ཡོད་པ་དང་། དེའི་ཐད་བོད་རིགས་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ཟིན་བྲིས་སུ། ཉིན་བཞིའི་བརྟན་བརླིང་ཆེད་ཀྱི་དམག་སྦྱོང་དེས་རྒྱ་ནག་གིས་བདེ་སྐྱིད་རྫོགས་ལྡན་གྱི་ལྷ་སར་ཞེས་འབོད་བཞིན་པའི་ངོ་གདོང་ངོ་མ་མཐོང་བའི་ཟུར་ཟ་བྱས་འདུག
དེ་ཙ་ན་ཕྱི་ལོ་༢༠༠༨ལོའི་ཟླ་༣པའི་ཚེས་༡༤ཉིན་ལྷ་ས་རུ་བོད་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་བའི་རྐྱེན་བོད་མི་༢༠༠ལྷག་དམར་གསོད་བཏང་བ་དང་། མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། ལོ་དེའི་ཟླ་གསུམ་པའི་ཚེས་༡༦ཉིན་ཨ་མདོ་རྔ་བ་ས་ཁུལ་དུ་ངོ་རྒོལ་བྱས་རྐྱེན་བོད་མི་༢༠ལྷག་དམར་གསོད་བཏང་ཡོད་པ་སོགས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གིས་དྲག་གནོན་བྱས་ཡོད།

རྒྱ་ནག་གིས་ལྷ་སར་དམག་སྦྱོང་ཚུལ་གྱིས་དྲག་ཤུགས་ངོམ་བཞིན་པ། ༢༠༡༤།༣།༡༣
རྒྱ་ནག་གིས་ལྷ་སར་དམག་སྦྱོང་ཚུལ་གྱིས་དྲག་ཤུགས་ངོམ་བཞིན་པ། ༢༠༡༤།༣།༡༣


རྒྱ་ནག་གིས་ལྷ་སར་དམག་སྦྱོང་ཚུལ་གྱིས་དྲག་ཤུགས་ངོམ་བཞིན་པ། ༢༠༡༤།༣།༡༣
རྒྱ་ནག་གིས་ལྷ་སར་དམག་སྦྱོང་ཚུལ་གྱིས་དྲག་ཤུགས་ངོམ་བཞིན་པ། ༢༠༡༤།༣།༡༣

གསར་འགོད་པ་བོད་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎