སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་མཱ་སྡེ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་མཇལ་འཕྲད་གནང་འདུག

2024.01.31
སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་མཱ་སྡེ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་མཇལ་འཕྲད་གནང་འདུག སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་མཱ་སྡེ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་མཇལ་འཕྲད་གནང་སྐབས། ༠༡།༢༨།༢༠༢༤
TPiE

དེ་ཡང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་ཆུང་ཁག་བགོས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཁག་གི་སྤྱི་ཁྱབ་བློན་ཆེན་རྣམ་པ་དང་། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་རྒྱ་གར་མང་ཚོགས་དང་སློབ་ཕྲུག་བཅས་ལ་བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད་དང་བོད་དོན་ཞུ་སྐུལ་གནང་བཞིན་པ་ལྟར། སྤྱི་ཟླ་༡ཚེས་༢༥ནས་སྤྱི་ཟླ་༢པའི་ཚེས་༨བར་བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་རྣམ་གཉིས་རྒྱ་གར་དབུས་ཁུལ་གྱི་མཱ་སྡེ་ཡ་(Madhya Pradesh)་མངའ་སྡེ་དང་ཆཏི་སིགྷར་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པའི་ལས་རིམ་ཁོངས་ནས། སྤྱི་ཚེས་༢༦ཉིན་མཱ་སྡེ་ཡ་མངའ་སྡེའི་གྲོང་ཁྱེར་བྷོ་པལ་གྱི་སྤྱི་ཁྱབ་པ་དང་། གྷོས་ཧྥ་ཧིན་ངྷུའི་དགོན་པའི་བླ་ཆེན། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་གཞོན་པ་ཇཀ་ངྷིཤ་དེ་ཝུ་ད་(Jagdish Devda)་ལགས། གྲོས་ཚོགས་འཐུས་མི་འདྲ་མིན་སོགས་ལ་མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་གར་དང་བོད་ཀྱི་འབྲེལ་ལམ་བཅས་ལ་བཀའ་མོལ་གནང་བར། གནད་ཡོད་མི་སྣ་ཚོས་ཧ་ཅང་དོ་སྣང་དང་རྒྱབ་སྐྱོར་ཡག་པོ་གནང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ནས་འགྲེལ་བརྗོད་གནང་བྱུང་།

Tibetan Parliamentary Delegation Calls on Deputy CM, Advocated Tibet in Bhopal (1).jpg
སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ནས་མངའ་སྡེ་འདི་ནི་རྒྱ་གར་གྱི་ས་ཆའི་དཀྱིལ་ཅིག་ཆགས་ཀྱི་ཡོད་པས། བོད་དོན་སྐོར་གོ་རྟོགས་ཡག་པོ་ཡོད་མེད་ཐོག་མའི་ཆར་ཐེ་ཚོམ་ཡོད་ནའང་། ས་གནས་ལ་དངོས་སུ་འབྱོར་སྐབས་༧གོང་ས་མཆོག་གི་མཚན་ནས་བཟུང་སྟེ་ཚུར་བོད་དོན་སྐོར་འགྲེལ་བཤད་ཐུགས་སྣང་ཡོད་མཁན་མང་པོ་ཐུག་པ་དང་། སློབ་ཕྲུག་མང་པོ་བོད་དོན་སྐོར་མཁྱེན་རྟོགས་མེད་པ་ཚོར་ཐུག་འཕྲད་འགྲེལ་བཤད་ཞིབ་རྒྱས་ཀྱི་གོ་སྐབས་བྱུང་བའི་མུར། ང་ཚོའི་བོད་དོན་ཞུ་སྐུལ་གྱི་ལས་དོན་འདིའི་སྐོར་རྒྱ་གར་གསར་ཁང་འདྲ་མིན་ལྔ་བཅུ་ལྷག་གི་ནང་འཁོད་ཐུབ་པའང་བྱུང་ཡོད་ཅེས་ངོ་སྤྲོད་གནང་གི་འདུག
དེ་བཞིན་ཡང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྒྱ་གར་མངའ་སྡེ་མཱ་སྡེ་ཡའི་ནང་གི་(NRI Group of Institutions)་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཕྲུག་ལྔ་བརྒྱ་ལྷག་ལ་བོད་དོན་ངོ་སྤྲོད་གནང་སྐབས། གཙུག་ལག་སློབ་གཉེར་ཁང་དེའི་སྤྱི་ཁྱབ་འགན་འཛིན་ནས་གལ་ཏེ་བོད་ཕྲུག་སློབ་གཉེར་ཁང་དེར་སློབ་འཇུག་བྱ་འདུན་ཡོད་ན། བོད་ཕྲུག་༡༠ལ་རིན་མེད་ཀྱི་ཐོག་ནས་ས་མིག་གནང་ཆོག་པའི་ཞལ་བཞེས་གནང་བ་མ་ཟད། སློབ་གཉེར་ཁང་གཞན་ཁག་ཅིག་གིས་ཀྱང་བོད་རིག་པའི་ཞིབ་འཇུག་སྡེ་ཚན་འཛུགས་དགོས་མིན་སོགས་ཀྱི་གོ་བསྡུར་གནང་འཐུས་ཀྱི་བརྡ་ལན་གནང་སོང་བ་ཡང་འགྲེལ་བརྗོད་གནང་བྱུང་།

424579317_814491390722548_2642131448890840046_n.jpg
སྤྱི་འཐུས་རྣམ་པ་གཉིས་ཀྱི་ཕྱོགས་བསྐྱོད་འདི་ད་ལྟའི་ཆར་ལས་རིམ་གྱི་ཕྱེད་ཀ་ཙམ་མ་གཏོགས་ཚར་མེད་ནའང་། དེའི་རིང་གནད་ཡོད་མི་སྣ་ཧ་ཅང་མང་པོར་མཇལ་འཕྲད་དང་ཚུར་ཆེ་མཐོང་ངོས་འཛིན་གྱིས་མཇལ་འཕྲད་གང་ལེགས་བྱུང་བ་མ་ཟད། རྒྱ་གར་མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་གནང་སའི་(Cricket Tournament)་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་དང་། ས་གནས་དེར་རྒྱལ་སྤྱིའི་ནང་པའི་དུས་སྟོན་ཐེངས་བརྒྱད་པ་བཅས་ཀྱི་སྟེང་གདན་ཞུས་སྐུ་མགྲོན་དུ་བཅར་ཏེ། བོད་དོན་དང་བོད་ཀྱི་ནང་ཆོས་གལ་ཆེན་ཡིན་སྐོར་སོགས་གཏམ་བཤད་ངོ་སྤྲོད་ཞིབ་རྒྱས་གནང་ཐུབ་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎