རྒྱ་ནག་གི་རྒྱབ་ཤ་དཀར་པོར་ལན་འདེབས།


2013-11-07
Share
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གསར་འགོད་ལྷན་ཚོགས་སྐབས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ
པར། དགུ་བཅུ་གསུམ།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྒྱ་གཞུང་གི་རྒྱབ་ཤ་དཀར་པོར་ལན་འདེབས་དང་། དེ་བཞིན་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འོས་བབ་མེད་པའི་སྐྱོན་བརྗོད་བྱས་འདུག

ཕྱི་ཚེས་༦ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ། ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས་གཙོས་པའི་ཚོགས་པས་གསལ་བསྒྲགས་ཁག་གཉིས་སྤེལ་ཡོད་པ་དང་། དེའི་སྐབས་སྤྱི་ལོ་༢༠༡༣ ལོའི་ཟླ་༡༠ ཚེས་༢༢ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་ལས་ཁང་ཟེར་བས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་། ཡར་ཐོན་བྱུང་བ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདོན་ཐེངས་བཅུ་བའི་ནང་། བོད་ནང་རང་དབང་དང་ཡར་རྒྱས་ཡོད་ལུགས་མང་པོ་འཁོད་ཡོད་པ་དེ་དག་ལ་དོན་ཚན་རེ་རེ་བཞིན་དགག་ལན་བརྒྱབ་འདུག དཔེར་ན་དོན་ཚན་དྲུག་པའི་དགག་ལན་ནང་འཁོད་དོན་།  ཁོར་ཡུག་སྲུང་སྐྱོབ་དང་སྣོད་བཅུད་ཐད་ནས་བརྗོད་ན་། ད་ལྟའི་བོད་ཀྱི་ཁོར་ཡུག་གནས་སྟངས་ནི་རི་བོ་ཐམས་ཅད་པགས་པ་བཤུས་ཏེ་གཏེར་ཁ་གང་བྱུང་དུ་སྔོག་འདོན་བྱས་ནས་རྩྭ་ས་བེད་མེད་དུ་གྱུར་པའི་དབང་གིས་འབྲོག་པའི་ཕྱུགས་ཟོག་ལ་རྩྭ་ཆུ་མ་འདངས་བར་གོད་ཆག་མི་ཉུང་བ་བྱུང་དང་འབྱུང་བཞིན་ཡོད་པ་སོགས་རྒྱ་ནག་གི་བྱ་སྤྱོད་རིམ་པར་སྐྱོན་བརྗོད་གནང་ཡོད་པ་རེད། དེ་བཞིན་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༡༢ ཉིན་སླར་ཡང་རྒྱ་ནག་གཞུང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐབས་བརྒྱད་པའི་ཚོགས་མིའི་ནང་འཛུལ་ཞུགས་བྱ་འཆར་ཡོད་པ་དེ་ནི་དྲང་བདེན་གྱི་ཐོག་ནས་མིན་པའི་རྣམ་འགྱུར་གསལ་སྟོན་བྱེད་རྒྱུའི་ཆེད་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་ཁུར་དང་འགན་འཁུར་གནང་མཁན་གྱི་རྒྱལ་ཁབ་ཁག་དང་། དབུ་འཁྲིད་རྣམ་པ།   ལྷག་པར་དུ་ལྷན་ཚོགས་དེའི་ཚོགས་མི་རྣམས་པས་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་རྒྱ་ནག་འོས་བབ་མེད་པས། རྒྱ་ནག་གཞུང་འཛུལ་ཞུགས་བྱ་རྒྱུར་དགག་བྱ་མཐའ་གཅིག་ཏུ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་པ་བརྗོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།