༧གོང་ས་མཆོག་ནས་ལོ་གསར་འཚམས་འདྲི།


2014.01.02
༧གོང་ས་མཆོག་གསུངས་ཆོས་ར་བར་ཕེབས་བཞིན་པ། ༧གོང་ས་མཆོག་གིས་སྤྱི་ལོ་གསར་ཚེས་ལ་འཚམས་འདྲི།
པར། སྐུ་སྒེར་དྲ་བ།

ལོ་གསར་བའི་ནང་ཐོག་མར་རང་གི་ནང་སེམས་ལ་ཞི་བདེ་བསྐྲུན་ཐབས་བྱ་དགོས་བ་༧གོང་ས་མཆོག་གིས་འཚམས་འདྲི་དང་བཅས་གསུང་འདུག
དེ་ཡང་སྤྱི་ལོ་༢༠༡༤ ཟླ་༡ཚེས་༡ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭའི་ནང་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཆོས་གནང་སྐབས། རྒྱལ་ཁབ་ཕྱི་ནང་གི་ཆོས་ཞུ་བ་དང་། དད་ལྡན་མང་ཚོགས་ལ་སྤྱི་ལོ་གསར་བཞད་ལ་འཚམས་འདྲི་གནང་ཡོད། སྐབས་དེར་ཕྱི་རྒྱལ་བ་ཁྱེད་རྣམ་པར་སྤྱི་ལོའི་གནམ་ལོ་གསར་བཞད་ལ་སྤྲོ་པོ་ཡོང་བའི་འཚམས་འདྲི་ཡོད་ཞེས་གསུང་བ་དང་མཉམ། ༧གོང་ས་མཆོག་གིས། གསར་དུ་བཞད་པའི་ལོ་འདི་སྤྲོ་སྣང་ལྡན་པ་ཞིག་ཡོང་བ་དང་། ཡང་ན་སྡུག་བསྔལ་བ་ཞིག་ཡོང་དང་མ་ཡོང་དེ་ང་ཚོ་ཚང་མར་རག་ལུས་ཡོད། ལོ་གསར་པ་འདིར་ནང་སེམས་ལ་ཞི་བདེ་ལྡན་པ་ཞིག་བསྐྲུན་དགོས་པ་ཡིན་ཞེས་གསུངས། ཡང་༧གོང་ས་མཆོག་གིས། སྤྱི་ལོ་༢༠༡༤གནམ་ལོ་གསར་བཞད་ཀྱི་ཉིན་དང་པོ་ནས་ང་ཚོ་ཚང་མས་ཉུང་མཐར་ལོ་འདིའི་རིང་ལྷག་བསམ་རྣམ་དག་གི་སྒོ་ནས་རང་ཉིད་བྱམས་སྙིང་རྗེ་དང་ལྡན་པའི་འགྲོ་བ་མི་ཞིག་ཡོང་བ་དང་། དེ་བཞིན་ཐོག་མར་རང་གི་ནང་སེམས་ལ་ཞི་བདེ་བསྐྲུན་ཐབས་བྱ་དགོས་པ་དང་། དེ་ནས་རིམ་པས་གཞན་གྱི་སེམས་བརྒྱུད་ལ་ཞི་བདེ་བསྐྲུན་ཐབས་བྱས་པ་ཡིན་ན་ལོ་འདི་སྤྲོ་སྣང་ལྡན་པ་ཞིག་ཡོང་གི་རེད་ཅེས་གསུངས་གནང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎