རྒྱ་གར་གྱིས་བལ་ཡུལ་གྱི་མིག་གི་སྨན་པ་ཞིག་ལ་པདྨ་ཤྲི་གཟེངས་རྟགས་འབུལ་བཞེས་གནང་རྒྱུ།


2018-01-27
Share
རྒྱ་གར་གྱིས་བལ་ཡུལ་གྱི་མིག་གི་སྨན་པ་ཞིག་ལ་པདྨ་ཤྲི་གཟེངས་རྟགས་འབུལ་བཞེས་གནང་རྒྱུ། བལ་ཡུལ་གྱི་མིག་གི་སྨན་པ་སན་རྡུག་ རུ་ཡིཏ་(Dr.Sanduk Ruit)
ཨེ་ཨེཕ་པི།

༄༅། །བལ་ཡུལ་གྱི་མིག་གི་སྨན་པ་ སན་རྡུག་ རུ་ཡིཏ་(Sanduk Ruit) ལ་རྒྱ་གར་གྱི་པདྨ་ཤྲི(Padma Shri)    ཞེས་པའི་གཟེངས་རྟགས་འབུལ་བཞེས་གནང་རྒྱུའི་ཐག་གཅོད་གནང་འདུག སྨན་པ་Sanduk Ruit མཆོག་གིས་རྒྱ་གར་གཞུང་མང་དང་།    རང་གི་གསོ་དཔྱད་བྱ་ཡུལ་ནད་པ།   དགའ་ཉེ་བཅས་ལ་བཀའ་དྲིན་ཆེ་ཞུ་གནང་མཛད་འདུག   སྨན་པ་ སན་རྡུག་ རུ་ཡིཏ་(Sanduk Ruit) ནི།   མིག་གི་དབང་པོའི་སྨན་པ་ཡིན་ཞིང་། ཁོང་གིས་སྐྱེ་བོ་འབུམ་ཕྲག་བརྒལ་བར་གྲོན་ཆུང་ཐོག་ནས་ལིང་ཏོག་མིག་ནད་བཅོས་ཏེ་མིག་དབང་སླར་གསོ་ཐུབ་པའི་མཛད་རྗེས་ལ་སྐྱེ་བོ་ཆེ་དགུ་ཡི་རང་སྟེ་མཚན་སྙན་ཆེན་པོར་གྱུར།   ཁོང་གིས་ཉིན་ལྟར་ཆ་ཚོད་བཅུ་གཉིས་རིང་མིག་གི་ལིང་ཏོག་གི་གཤག་བཅོས་གནང་གི་ཡོད་ཅིང་།  འབྱོར་མེད་ཚོར་རིན་མེད་སྨན་བཅོས་གནང་གི་ཡོད་པ་རེད།   ཁོང་གི་མིག་གི་སྨན་ཁང་བལ་ཡུལ་ནང་ཡོད་པ་དེ་ལྟར་ཡང་།   ཕྱི་རྒྱལ་ཡུལ་གྲུ་བྱང་ཀོ་རི་ཡ་དང་།    ཀེམ་སྦོ་ཌི་ཡ།(Cambodia)སྦང་ལ་དེ( Bangladesh)བེཊ་ནམ( Vietnam)ཨི་ཐོ་པི་ཡ(Ethiopia)དང་།  གྷ་ནཱ(Ghana) ལ་སོགས་པར་ཕེབས་ཏེ་མིག་གི་ལིང་ཏོག་གཤག་བཅོས་གནང་ཡོད་པ་རེད།  ཁོང་གི་མིག་ནད་གསོ་རིག་གི་སློབ་སྦྱོང་རྒྱ་གར་གྱི་All India Institute of Medical Sciences Delhi ཞེས་པའི་སྙན་གྲགས་ཅན་གྱི་མཐོ་སློབ་ཏུ་གནང་ཡོད་པ་དང་། རང་ཡུལ་བལ་ཡུལ་དུ་ལོག་ནས་སྒེར་པའི་མིག་ནད་གསོ་རིག་གི་སྨན་ཁང་ཞིག་གསར་འཛུགས་གནང་བ་ཡིན་པ་རེད།   ཕྱི་ལོ་༡༩༨༠་ལོར་ སྨན་པ་Sanduk Ruit དང་Australiaའི་མིག་ནད་གསོ་རིག་པ་Fred Hollows དང་མཇལ་འཛོམས་བྱུང་ནས་བློ་སྤོབས་འཕེལ་ཏེ་མིག་གི་དབང་པོར་ལོང་སྐྱོན་བྱུང་རིགས་ལ་སྨན་བཅོས་ཐོབ་ཐང་ཡོད་པར་ཡིད་ཆེས་དང་སྦྲགས་ལིང་ཏོག་མིག་ནད་གསོ་བྱེད་ཀྱི་གཞན་ཕན་རླབས་པོ་ཆེ་འགྲུབ་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།