དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཨ་རིའི་རྒྱལ་སར་འབྱོར་འདུག
2014.03.14

དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་ཚོའི་མངོན་འདོད་ཁག་ལ་རྒྱབ་སྐྱོར་གྱི་འབོད་སྐུལ་ཞུས་འདུག
དེ་ཡང་གནས་ཚུལ་ལྟར་ན། འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་མངའ་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱིས་མགྲོན་འབོད་གནང་བ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོཊ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོཊ་གཙོ་བསྟན་འཛིན་འཇིཊ་མེད་ལཊ་འདི་གར་ཆེད་ཕེབས་གནང་ནས། སྤྱི་ཚེས་༡༣་ཉིན་ཁོང་དང་ལྷན་དུ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོཊ་གཙོ་དར་རྒྱས་ལཊ་དང་། དགོན་གསར་བསྟན་འཛིན་ཡོན་ཏན་ལཊ་བཅསམཉམ་དུ་ཨ་རིའི་གྲོས་ཚོཊ་གོང་མའི་འཐུས་མི་Tim Kaineམཆོག་དང་། John McCainརྣམ་གཉིས་ཀྱི་ལས་ཁུངས་སུ་བཅར་སྐབས་ཁོང་རྣམ་གཉིས་གྲོས་ཚོཊ་ཚོཌ་བཞིན་པ་དང་དུས་མཉམ་འཁེལ་བར་བརྟེན་ཁོང་རྣམ་གཉིས་ཀྱི་ལས་ཁུངས་ཀྱི་ལས་བྱེད་མཐོ་གྲས་དང་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་དོན་སྤྱི་ལོ་༢༠༠༩་ལོ་ནས་བཟུང་ད་བར་བོད་ཀྱི་བསྟན་སྲིད་དང་། བོད་མིའི་རང་དབང་གི་དོན་དུ་བོད་ནང་གི་བོད་མི་༡༢༧་ལྷག་གིས་རང་ལུས་མེར་བསྲེཌ་བཏང་གནང་བའི་གནས་ཚུལ་ཞིབ་ཕྲ་ཞུས་པ་མ་ཟད། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོཌ་ཀྱིས་བོད་ནང་རང་ལུས་མེར་བསྲེཌ་གནང་མཁན་རྣམ་པའི་ལོ་རྒྱུས་སོཊ་ཕྱོཊ་བསྒྲིཊ་བྱས་པའི་ཕྱག་དེབ་དང་སྙན་ཞུ་ཞིག་ཀྱང་ཕུལ་གནང་ཡོད་རེད། སྐབས་དེར་ཨ་རིའི་གྲོས་ཚོཊ་གོང་མའི་འཐུས་མི་རྣམ་གཉིས་ཀྱི་ལས་བྱེད་པ་གཉིས་ནས་གྲོས་ཚོཊ་འཐུས་མི་རྣམ་གཉིས་ཀྱིས་ད་བར་བོད་དོན་རྒྱབ་སྐྱོར་གནང་བ་ཁག་གསལ་བཤད་གནང་བ་མ་ཟད། ད་དུང་ཨ་མི་རི་ཀའི་གྲོས་ཚོཌ་གོང་མའི་ནང་བོད་དོན་དང་འབྲེལ་ཡོད་གྲོས་གཞི་ཁག་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།