ཧི་མ་ལ་ཡའི་མི་རིགས་ཚོས་ཀྱང་ཁྲོམ་ས་སྒོ་བརྒྱབ་ནས་ལས་འགུལ་ནང་མཉམ་ཞུགས་གནང་འདུག

2020-03-14
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བེུད་སྒེར་ལངས་ཐེངས་༦༡པ།
བོད་ཀྱི་བེུད་སྒེར་ལངས་ཐེངས་༦༡པ།
Photo: RFA

རྒྱ་གར་བྱང་ཕྱོགས་ནཱ་ནི་ཏཱལ་(Nainital) གྲོང་ཁྱེར་ནང་ཡོད་པའི་བོད་མི་ཚོས་ཕྱི་ཚེས་༡༢ ཉིན་བེུད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག

སྐབས་དེར་ལས་འགུལ་སྤེལ་མཁན་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཛ་དྲག་ཡོད་པ་དང་། ཆོས་དད་རང་དབང་མེད་པ་སོགས་མཁྱེན་པའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཞི་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པའི་དགོས་འདུན་བཏོན་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞག

དེ་ཡང་ཁ་ས་The Times of India ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲོང་ཁྱེར་ནཱ་ནི་ཏཱལ་ནང་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་སྦྲགས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུས་ཡོད་པ་རེད། ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་ཚོས་རྒྱ་དམག་ནས་བོད་བཙན་བཟུང་བྱས་ཐུབ་ཀྱང་བོད་མིའི་སྙིང་སྟོབས་ནམ་ཡང་བཙན་བཟུང་བྱེད་ཐུབ་ཀྱི་མ་རེད།  ཉིན་གཅིག་བོད་དེ་རང་དབང་ལྡན་པའི་ཡུལ་ཞིག་ཆགས་ཀྱི་རེད་ཅེས་གསུངས་འདུག

ཡང་རྒྱ་གར་རྒྱལ་ཡོངས་ཧིན་བོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་པྲི་ཏི་སཱ་གར་(Preeti Saagar) མཆོག་ནས་ཀྱང་ནཱ་ནི་ཏཱལ་དུ་ཆེད་ཕེབས་གནང་ནས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་འདུག ཁོང་གིས་གཏམ་བཤད་གནང་བའི་ནང་ཕྱི་ལོ་༡༩༥༩ལོར་བེུད་སྒེར་ལངས་ཉིན་རྒྱ་དམག་ནས་བོད་བཙན་བཟུང་བྱས་པར་བོད་པའི་བེུད་མང་པོས་ངོ་རྒོལ་བྱས་ཡོད་པ་དང་། དེ་རིང་ས་ཁུལ་མང་པོའི་ནང་བེུད་སྒེར་ལངས་ཀྱི་ཉིན་མོའི་སྲུང་བརྩི་ཞུ་ཡི་ཡོད་པ་རེད་ཅེས་གསུངས་བཞག བེུད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་སྐབས་ཁུལ་དེར་ཡོད་པའི་བོད་པ་དང་བྷོ་ཊི་ཡ་(Bhotia) ཞེས་པའི་ཤར་པ་སོགས་ཧི་མ་ལ་ཡའི་མི་རིགས་ཀྱིས་ཁྲོམ་ས་སྒོ་བརྒྱབ་ནས་ལས་འགུལ་ནང་མཉམ་ཞུགས་གནང་ཐོག་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་བཀྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུས་ཡོད་འདུག །

མཆན། (0)
Share
དྲ་གནས་ཆ་ཚང༌།