ཐེ་ཝན་གྱི་གྲགས་ཆེ་བའི་གཙུག་ལག་སློབ་གྲྭའི་ནང་སཱི་ཤེས་ཡོན་སློབ་གསོའི་ངོ་སྤྲོད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་ཇི་བཞིན་ཆོས་ལུགས་ལ་མ་བརྟེན་པའི་་བཟང་སྤྱོད་སློབ་གསོ་བསླབ་གཞི་ངོ་སྤྲོད་གནང་ཆེད་དུ་ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་དང། བརྩོན་འགྲུས་བསམ་འཕེལ་་ལགས་རྣམ་གཉིས་ཐེ་ཝན་གྱི་གྲགས་ཆེ་བའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོ་སྟེ National Taiwan Normal University གཙུག་ལག་སློབ་གྲྭ་རུ་སློབ་དཔོན་དང་། ཤེས་ཡོན་སློབ་ཁྲིད་གནང་མཁན་དང། མཁས་དབང། གཞན་ཡང་སྤྱི་ཚོགས་ཀྱི་ཐོག་འགན་འཁུར་ཡོད་པའི་མི་སྣ་ཁག་ཅིག་ལ་ཤེས་ཡོན་སློབ་གསོའི་བསླབ་གཞིའི་སྐོར་སློབ་སྟོན་གསུང་བཤད་གནང་འདུག
See Learning ཞེས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་སློབ་གསོའི་ལས་འཆར་དེ་བཞིན་ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་གྲ་ཆེན་མོས་༧གོང་ས་མཆོག་གི་དགོངས་གཞི་ཇི་བཞིན་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། ཤེས་ཡོན་སློབ་གསོའི་ལས་དོན་དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་དང། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སློབ་གྲ་མང་དག་ཅིག གཞན་ཡང་སོག་ཡུལ་སོགས་འཛམ་གླིང་གི་ཡུལ་གྲུ་མང་པོའི་སློབ་གྲ་དང་། ཤེས་ཡོན་གྱི་ལས་ལ་ཞུགས་པ་རྣམས་ཀྱིས་སྭི་ཤེས་ཡོན་གྱི་བསླབ་གཞི་དང་ལེན་གནང་བཞིན་པ་རེད།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།