ལྷ་སའི་ནང་བོད་མི་ཞིག་གི་རང་སྲོག་བཅད་པའི་གནས་ཚུལ།
2017.06.23
༄༅། །དེ་ཡང་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་གྱི་སྔ་དྲོར་འདི་ག་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༢༣ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་ལྷ་སའི་ཇོ་ཁང་ཉེ་མཁྲིས་སུ་བོད་མི་ཞིག་གིས་བོད་ལ་རང་དབང་དགོས་པ་སོགས་སྐད་འབོད་བྱས་ནས་རང་གི་སྐེ་ལ་གྲིས་རྒྱག་ནས་རང་སྲོག་བློས་བཏང་ཡོད་པ་དང་། རྒྱ་ནག་གི་དྲག་ཆས་དམག་མི་དང་ཉེན་རྟོག་པས་ཁོང་གི་སྐུ་ཕུང་རས་སྔོན་ནག་ཅིག་གི་བཏུམ་ནས་གནས་ཚུལ་སྦས་ཐབས་བྱས་ཡོད་འདུག གཞན་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཡང་བོད་མི་མི་ཉུང་བ་ཞིག་གིས་དེའི་སྐོར་གནས་ཚུལ་བརྒྱུད་སྤེལ་བྱེད་བཞིན་ཡོད་འདུག ཡང་ད་ལྟ་ལྷ་སར་ཡོད་པའི་བོད་མི་ཞིག་ཆེད་དུ་ཡུལ་དངོས་ལ་གནས་ཚུལ་རྒྱུས་ལོན་ཆེད་སོང་ཡང་། ཁོང་ས་གནས་སུ་འབྱོར་སྐབས་ཉིན་རྒྱབ་ཆུ་ཚོད་ ༤ ཡས་མས་ཡིན་པ་དང་། ས་གནས་སུ་རྒྱུན་ལྡན་ལྟར་ཡིན་པ་འགྲེལ་བརྗོད་གནང་འདུག།
གསར་འགོད་པ་དཔལ་ལྡན་རྒྱལ།