བོད་རྒྱ་མཉམ་འཛོམས་ཀྱི་ཚོགས་ཐོག་༧གོང་ས་མཆོག་གིས་བཀའ་སློབ།


2014.08.27
བོད་རྒྱ་མཉམ་འཛོམས་ཀྱི་ཚོགས་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་བཞིན་པ། ༢༠༡༤།༨།༢༧ བོད་རྒྱ་མཉམ་འཛོམས་ཀྱི་ཚོགས་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་བཞིན་པ། ༢༠༡༤།༨།༢༧
ཀུན་དགའ་བཀྲ་ཤིས།

བོད་རྒྱའི་དཀའ་རྙོག་ནི་འཚེ་མེད་ཞི་བ་དང་གྲོས་མོལ་ཁོ་ནའི་ལམ་ནས་སེལ་ཐབས་བྱེད་དགོས་གལ་ཆེ་བ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་ཇར་མན་གྱི་གྲོང་ཁྱེར་Humburgརུ་ཚུགས་བཞིན་པའི་ཐོུང་གི་ཐབས་ལམ་འཚོལ་བ་ཞེས་བོད་རྒྱ་མི་སྣ་མཉམ་འཛོམས་ཀྱི་ཚོགས་འདུའི་ཐོག་ཚེས་༢༧ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕེབས་ནས་གསུངས་དོན། བོད་རྒྱ་མི་རིགས་དབར་གྱི་འབྲེལ་ལམ་བཟང་པོ་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་པ་དང་། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་ནི་འཚེ་མེད་ཞི་བ་དང་གྲོས་མོལ་ཁོ་ནའི་ལམ་ནས་སེལ་ཐབས་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་འདུག རྒྱལ་ཁབ་འདྲ་མིན་ནང་གནས་སྡོད་རྒྱ་རིགས་ཤེས་ཡོན་ཅན་དང་། ལས་འགུལ་བ། སློབ་ཕྲུག་དང་རྩོམ་པ་པོ་མང་པོ་ཞིག་ཚོགས་འདུར་བཅར་ཡོད་ཅིང་། ཁོང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་གུས་ཆེན་པོ་ཞུས་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རབས་དྲུག་བཅུའི་ནང་ནས་མ་འོངས་པར་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་བོད་རྒྱ་གཉིས་ཀར་ཕན་ཐོགས་ཡོད་པའི་ཐབས་ལམ་ཞིག་འཚོལ་ཐབས་བྱ་དགོས་རྒྱུར་ངེས་པ་ཆེན་པོ་བརྙེད་པའི་ཐོག་ལོ་རབས་བདུན་བཅུའི་ནང་ནས་བཟུང་བོད་རྒྱ་ནག་ནས་ཁ་བྲལ་མི་དགོས་པ་དང་། བོད་མི་ཚོར་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་འབྱུང་ཐབས་ལ་འབད་བརྩོན་བྱ་རྒྱུའི་སྲིད་ཇུས་ད་བར་རྒྱུན་འཁྱོངས་གནང་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
བོད་རྒྱའི་མི་སྣའི་ཚོགས་འདུའི་ཐོག་བཀའ་སློབ་གསུང་བཤད་སྩལ་བའི་མཛད་འཆར་འདི་ནི་ཐེངས་འདིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གྲོང་ཁྱེར་Humburg ནང་གི་མཛད་འཆར་མཐའ་མ་དེ་ཡིན་ཞིང་། མཛད་འཆར་གྲུབ་མཚམས་མཁའ་ལམ་བརྒྱུད་ རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎